无障碍阅读 关怀版

པར་ངོས་ལེགས་སྒྲིག་གི་གསལ་བརྡ།

དུས་ཚོད། 2017-01-01 རྩོམ་པ་པོ རྩོམ་སྒྲིག

རྒྱ་ཆེའི་གཟིགས་པ་པོ་ལྷན་རྒྱས།

བོད་ལྗོངས་བོད་ཡིག་ལས་དོན་དྲ་རྒྱ་ནི་བོད་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཁག་དྲིལ་སྒྲོག་བྱ་སའི་སྒེའུ་ཁུང་དང་། བོད་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ལས་དོན་འཕྲིན་གསར་སྤེལ་སའི་ལས་སྟེགས་ཡིན་ལ། བོད་སྐད་ཡིག་དྲིལ་སྒྲོག་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་འགན་འཁྲི་འཁུར་ཡོད། དྲ་སྒོ་ཕྱེ་བའི་ལོ་འདི་དག་རིང་ལ། རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་བོད་ལྗོངས་བོད་སྐད་ཡིག་ལས་དོན་ཐད་དུ་བླངས་བའི་གྲུབ་འབྲས་དྲིལ་སྒྲོག་དང་། མི་རིགས་རིག་གནས་གོང་སྤེལ། བོད་སྐད་ཡིག་གི་འཕེལ་རྒྱས། རྒྱལ་ཁབ་དང་ལྗོངས་ཕྱི་ནང་ནས་བོད་ལྗོངས་ལ་ཤེས་རྟོགས་ཡོང་བ་བཅས་སུ་དགེ་མཚན་བླ་ལྷག་ཐོན་ཡོད་པ་རེད།

དྲ་རྒྱ་ཇེ་ལེགས་སུ་གཏོང་ཆེད། ངེད་གཞུང་ལས་ཁང་གིས་བོད་ལྗོངས་བོད་ཡིག་ལས་དོན་དྲ་རྒྱའི་པར་ངོས་ལེགས་སྒྲིག་ཐེངས་ཤིག་བགྱིས་པ་ཡིན། ལྷག་དོན་གསལ་བཤད་བྱ་རྒྱུ་ནི། དྲ་གཟིགས་པ་ལྷན་རྒྱས་ལ་སྟབས་བདེ་ཡོང་ཆེད། ངེད་དྲ་རྒྱའི་བོད་ཡིག་གི་ཡིག་མཛོད་དུ་ཧི་མ་ལ་ཡའི་ཡིག་མཛོད་བེད་སྤྱོད་བཏང་ཡོད། ཡིན་ཡང་དྲ་ཚིགས་བཟོ་བའི་ཉམས་མྱོང་དང་ཆུ་ཚད་ཞན་རྐྱེན། པར་ངོས་དང་ལེ་ཚན་གང་སར་སྐྱོན་ཆ་དང་མི་འདང་ས་མཆིས་སྲིད་པས། ལྷན་རྒྱས་ནས་བོད་ལྗོངས་བོད་ཡིག་ལས་དོན་དྲ་རྒྱར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་རྒྱུའི་རེ་བ་ཡང་ཡང་ཞུ།།

འབྲེལ་གཏུགས་བྱ་ཡུལ།སྐྱིད་ལུས།ཁ་པར། 0819-6334142-8304

QQ: 1224643836     

བོད་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་ཚན་ཞིབ་ཁྲུའུ་དྲ་རྒྱ་རྩོམ་སྒྲིག་ཁང་།

༢༠༡༢ལོའི་ཟླ་༦པའི་ཚེས་༡༠ཉིན།