无障碍阅读 关怀版

<< <བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས>ཁྱབ་བསྒྲགས་བྱས་ནས་ལོ་10འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་བློ་མཐུན་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་གནང་བའི་གསུང་བཤད>>བརྒྱུད་འགོད་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ།

དུས་ཚོད། 2017-01-01 རྩོམ་པ་པོ རྩོམ་སྒྲིག

ས་གནས(གྲོང་ཁྱེར)ཁག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་ཁྲུའུ་ཁག་ལ

ད་ལྟ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་བོད་སྐད་ཨུད་ཀྱི་ཀྲུའུ་རེན་གཞོན་པ་བློ་མཐུན་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་ཟླ་5ཚེས་22ཉིན་འཚོགས་པའི<<བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས>>ཁྱབ་བསྒྲགས་བྱས་ནས་ལོ་10འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དང་། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་གི་ཧྲུའུ་ཅི་གཞོན་པ་བློ་མཐུན་ལི་ཅུན་ལུན་གྱིས་གནང་བའི<<ལྗོངས་ཡོངས་སུ་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་སྤེལ་ཚུལ་སྙན་ཞུ>>དེ་ཁག་སོ་སོར་དྲ་ཚུགས་འདིའི<<འགོ་ཁྲིད་གསུང་བཤད>>ཀྱི་ལེ་ཚན་ཐོག་བརྒྱུད་འགོད་བྱེད་རྒྱུ་ཡིན་པས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དམ་འཛིན་ཡག་པོ་བྱེད་དགོས།

 

           བོད་རང་སྐྱོང་ལྫོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ནས

                      2012ལོའི་ཟླ་6ཚེས་5ཉིན།

 

 

ཡིག་སྒྱུར་བ  མིག་དམར་ཕན་ཐོགས

རྩོམ་སྒྲིག་པ  སྐྱིད་ལུས