བོད་ཡིག་ཐ་སྙད་བཀས་བཅད་སྤྱི་བསྒྲགས།

དུས་ཚོད། 2017-01-01 རྩོམ་པ་པོ རྩོམ་སྒྲིག

ས་གནས(གྲོང་ཁྱེར)ཁག་གི་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་། གསར་འགྱུར་སྡེ་ཚན།  ལྗོངས་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན།  སློབ་གྲྭ་ཆེ་འབྲིང་ཁག་བཅས་ལ།

   རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་༢༠༡༢ལོའི་ཟླ་༧ཚེས་༡༣ཉིན་གནམ་གཤིས་ཐད་ཀྱི་ཐ་སྙད་༡༠༠བཀས་བཅད་ཀྱིས་ད་ལྟ་འགྲེམས་སྤེལ་སོང་བ་ལྟར་བེད་སྤྱོད་བྱེད་དགོས་པ་ལས་རང་འཚམ་གྱིས་ བཟོ་བཅོས་རྒྱག་རིགས་མི་ཆོག

   (ཐ་སྙད་དེ་དག་བོད་ལྗོངས་བོད་སྐད་ཡིག་དྲ་ཚུགས་www.xzzyw.cnཐོག་ཏུ་ཡོད་པ་དང་གལ་ཏེ་བཀས་བཅད་དགོས་པའི་ཐ་སྙད་གསར་པ་ཡོད་ཚེ་zangwenshuyu@126.comལ་གློག་ཡིག་བསྐུར་གནང་ཡོད་པ་མཁྱེན)

རང་སྐྱོང་ལྗོངས་བོད་སྐད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས།

2012.8.2