无障碍阅读 关怀版

2017ལོའི《བོད་སྐད་ཡིག་ལས་དོན》དུས་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།

དུས་ཚོད། 2017-06-05 རྩོམ་པ་པོ སྐྱིད་ལུས། བསྟན་པ་རྒྱལ་མཚན། རྩོམ་སྒྲིག བོད་སྐད་ཡིག་ཚན་ཞིབ་ཁྲུའུ།

བོད་སྐད་ཡིག་ལས་དོནདུས་དེབ་ནི་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་གཙོ་གཉེར་བྱས་ཤིང་།བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱིས་གཞོགས་འདེགས་བྱས་ཏེ་གཉེར་བའི་བོད་སྐད་ཡིག་དང་ལོ་ཙྰའི་རིག་གཞུང་སྤེལ་རེས་ཀྱི་ནང་ཁུལ་དུས་དེབ་ལོ་རེརབོད་ཡིག་དུས་དེབ་གཉིས་དང་རྒྱ་ཡིག་དུས་དེབ་གཉིསཅིག་ཡིན།བོད་སྐད་ཡིག་གི་རིག་གཞུང་དང་།ལོ་ཙྰ།སློབ་གསོ།ཆ་འཕྲིན་ཅན་བཅས་སུ་མཁྱེན་རྒྱ་ཡངས་པའི་མཁས་པ་དང་།ཞིབ་འཇུག་པ།ལས་དོན་པས་ཐོག་མཐའ་བར་གསུམ་དུས་དེབ་འདིར་ལྷག་བསམ་དཀར་པོའི་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག  སླད་ཕྱིན་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡང་ཡང་ཞུ་རྒྱུ་ཡིན།དཔྱད་རྩོམ་དང་སྒྱུར་རྩོམ་སྐུར་སྐབས་ངེས་པར་དུ་དོ་སྣང་བྱེད་དགོས་པ་གཤམ་གསལ།

གཅིགངེས་པར་དུ་རྩོམ་ཡིག་རྣམས་གློག་རྡུལ་ཡིག་སྒམ་མམ་ཡིག་ཟམ་བརྒྱུད་པས་བསྐུར་དགོས་པ་དང་།  ཟླ་བ་གསུམ་གྱི་ནང་ཚུན་དུ་དུས་དེབ་ཐོག་འགོད་མིན་གྱི་བརྡ་ཐོ་གཏོང་རྒྱུ།

གཉིས།ངེས་པར་དུ་རྩོམ་ཡིག་ནང་དོན་ཁ་གསལ་དང་།   ལྟ་བ་ཡང་དག   ཡིག་ནོར་ཉུང་བ་བཅས་དགོས་ལ།ཧེ་མ་ལ་དང་ཧྥང་ཀྲེན་ཡིག་གཟུགས་གང་རུང་ཐོག་ནས་བསྐུར་ན་ཆོག

གསུམ།དཔྱད་རྩོམ་ཡིན་ན་དེར་ནང་དོན་གནད་བསྡུས་དང་།   བརྡ་ཆད་གཙོ་བོ།   དཔྱད་གཞིའི་དེབ་མིང་ཡིག་ཆའམ་དཔེ་ཆའི་མིང་།རྩོམ་པ་པོ།དཔར་མ།ཤོག་གྲངས།དཔེ་སྐྲུན་ཁང་།དཔེ་སྐྲུན་དུས་ཚོདབཅས་གསལ་པོ་འགོད་དགོས།

བཞི།རྩོམ་ཡིག་སྐུར་སྐབས་རྩོམ་པ་པོའི་མིང་དང་།   ལས་ཁུངས་།  འབྲེལ་གཏུགས་ཁ་པར་ཨང་གྲངས་བཅས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་གསལ་པོ་འགོད་དགོས།

ལྔ།དཔྱད་རྩོམ་དང་སྒྱུར་རྩོམ་རྣམས་བོད་རྒྱ་ཡིག་རིགས་གང་རུང་ཐོག་ནས་བསྐུར་ན་ཆོག

བསྐུར་ཡུལ།   བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་བོད་སྐད་ཡིག་ལས་དོནདུས་དེབ་རྩོམ་སྒྲིག་ཁང་།

ཁ་པར། 0891-6334142-8304

སྦྲག་ཨང་།850000