无障碍阅读 关怀版

<<བོད་སྐད་ཡིག་ལས་དོན>>དུས་དེབ་ཀྱི་རྩོམ་བསྡུའི་གསལ་བརྡ།

དུས་ཚོད། 2026-04-16 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)།

རྒྱ་ཆེའི་རྩོམ་མཁན་རྣམ་པར་ཆེད་ཞུ།

བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་གཙོ་སྒྲུབ་བྱེད་བཞིན་པའི་དུས་དེབ<<བོད་སྐད་ཡིག་ལས་དོན>>ནི་1990ལོར་གསར་དུ་བཏོན་པའི་ཞིག་ཡིན་ལ། ལོ་རེར་བོད་ཡིག་དུས་དེབ་གཉིས་དང་རྒྱ་ཡིག་དུས་དེབ་གཉིས་ཡོད། གཙོ་བོ་བོད་སྐད་ཡིག་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆ་འཕྲིན་ཅན་འཛུགས་སྐྱོང་། དེ་བཞིན་བོད་ཀྱི་སྐད་དང་ཡི་གེ རྒྱ་བོད་ལོ་ཙཱ། མི་རིགས་སློབ་གསོ་སྐོར་གྱི་དཔྱད་རྩོམ་དང་འགྱུར་ཡིག་སོགས་འགོད་རྒྱུ་ཡིན་པས། རྒྱ་ཆེའི་སྨྱུག་ཐོགས་པ་རྣམས་ཀྱིས་འདིའི་ཐད་ཀྱི་ལྗགས་རྩོམ་ཕངས་མེད་དུ་སྩོལ་རོགས་ཞུ། 

ཡིག་ཟམ། zangyuwengongzuo@163.com

ཁ་པར།   0891-6125620


<<བོད་སྐད་ཡིག་ལས་དོན>>རྩོམ་སྒྲིག་ཁང་ནས།

༢༠༢༦ལོའི་ཟླ་༤པར།