无障碍阅读 关怀版

༄༅། ། ཏྰ་ལའི་བླ་མ་སྐྭ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།

དུས་ཚོད། 2017-06-14 རྩོམ་པ་པོ རྩོམ་སྒྲིག སྐྱིད་ལུས།

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནི།ལྷོ་ཁ་དྭགས་སྨད་སྣང་རྫོང་འོག་གླང་མདུན་ཞེས་པ་ཞིང་པ་སྤྱིར་བཏང་བ་ཞིག་གི་ཁྱིམ་ཚང་དུ་ཡབ་ཀུན་དགའ་རིན་ཆེན་དང་ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱི(སྤྱི་ལོ1876)ལོར་སྐུ་བལྟམས།འཇམ་དབྱངས་གོང་མ་ཀྭང་ཞུས་བཀའ་ཕབ་པ་ལྟར་ས་ཡོས(སྤྱི་ལོ1879)ལོའི་ཟླ་བ་དྲུག་པའི་ཚེ་བཅུ་བཞི་ཉིན་གསེར་བུམ་དཀྲུག་མི་དགོས་པར་པོ་ཏ་ལའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་གསེར་ཁྲིར་མངའ་གསོལ།ཤིང་ལུག (སྤྱི་ལོ1895)ལོར་དབྱིན་དམག་ལྷ་སར་འབྱོར་བའི་རྐྱེན་ལས།བོད་ཀྱི་སྲིད་འཛིན་སྐུ་ཚབ་ཏུ་དགའ་ལྡན་ཁྲི་ཟུར་བློ་བཟང་རྒྱལ་མཚན་བསྐོས་ནས།ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་ཕོ་བྲང་པོ་ཏ་ལ་ནས་ཆིབས་ཐོག་གིས་བྱང་བརྒྱུད་དེ་རྒྱ་སོག་གི་ཡུལ་གྲུར་ཆིབས་ཞལ་བསྒྱུར།ས་སྤྲེལ(སྤྱི་ལོ1908)ལོར་པེ་ཅིན་དུ་ཕེབས་ནས་གོང་མ་ཀྭང་ཞུ་དང་གདན་འཛོམས་པ་བྱུང་།ས་བྱ་ལོར་པེ་ཅིན་ནས་བོད་དུ་ཆིབས་བསྒྱུར་གནང་།རྭ་སྒྲེང་དུ་ཟླ་བ་འགའ་ཤས་རིང་བཞུགས།ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ལྷ་ལྡན་དུ་ཕེབས།ཚེས་བཅུ་གཅིག་ཉིན་བློན་ཆེན་གསུམ་ལ་སྲིད་འཛིན་གྱི་བསྐོ་བཞག་གནང་སྟེ་ལྕགས་ཁྱི(སྤྱི་ལོ1910)ལོར་པེ་ཅིན་ནས་བོད་དུ་ཆིབས་བསྒྱུར་གནང་།རྭ་སྒྲེང་དུ་ཟླ་བ་འགའ་ཤས་རིང་བཞུགས།ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ལྷ་ལྡན་དུ་ཕེབས།ཚེས་བཅུ་གཅིག་ཉིན་བློན་ཆེན་གསུམ་ལ་སྲིད་འཛིན་གྱི་བསྐོ་བཞག་གནང་སྟེ་ལྕགས་ཁྱི(སྤྱི་ལོ་1910)ལོར་རྒྱ་གར་དུ་བྱོན།ཆུ་བྱི(སྤྱི་ལོ་1912)ལོར་ཕྱིར་བོད་དུ་འཁོར།ཆུ་ཁྱི་ལོ(སྤྱི་ལོ་1922)ལོར་ནོར་གླིང་གཟིམ་ཆུང་སྤྱན་གསལ་ཕོ་བྲང་གསར་བཞེངས་གནང་།ཆུ་ཕག(སྤྱི་ལོ་1923)ལོར་ལྷ་ས་གྲོང་ཁྱེར་གྱི་བདེ་འཇགས་ཆེད་སྐོར་སྲུང་དམག་སྟེ་པུ་ལི་སེ་དམག་སྒར་གསར་འཛུགས་དང་།ཇ་ཆུ་རོང་དུ་ཇ་ཤིང་འདེབས་ལས་ཀྱི་ཚོད་ལྟ།རྒྱལ་རྩེར་དབྱིན་ཡིག་སློབ་གྲྭ་བཙུགས་པ་བཅས་མཛད།རབ་བྱུང་བཅུ་དྲུག་པ་མེ་ཡོས་(སྤྱི་ལོ་1927)ལོར་རྒྱ་གར་ནས་རླངས་འཁོར་ནང་འདྲེན་དང་རྒྱ་ལམ་གསར་བཟོ་གནང་།ལྕགས་ལུག(སྤྱི་ལོ་1931)ལོར་གྲྭ་བཞི་གློག་འཕྲུལ་ཁང་གསར་སྐྲུན་གནང་སྟེ་མེ་མདའ་དང་མདེའུ་བཟོ་བ་དང་།དངུལ་པར།ཚོན་ཁྲ་ཅན་གྱི་ཤོག་དངུལ་པར་འདེབས་ཚང་མར་གློག་ཤུགས་བེད་སྤྱོད་གནང་།ལོ་དེར་ནན་ཅིན་དུ་བཅའ་སྡོད་བོད་ཀྱི་དོན་གཅོད་ཁང་བཙུགས།དགུང་ལོ་ང་བརྒྱད་དུ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ཆུ་བྱ(སྤྱི་ལོ1933)ལོའི་ཟླ་བ་བཅུ་བའི་གནམ་གང་གི་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ།།