无障碍阅读 关怀版

༄༅། ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།

དུས་ཚོད། 2018-11-28 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ནི།   རབ་བྱུང་བདུན་པའི་ཤིང་བྱ་ལོར་༼༡༤༠༥༽ཡར་འབྲོག་སྟག་ལུང་དུ་སྐུ་འཁྲུངས།   དགེ་བའི་བཤེས་གཉེན་མང་པོའི་ཞབས་པད་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་པ་ལ།    ཀུན་གཟིགས་ལྔ་པའི་རང་རྣམ་དུ་ཀུ་ལའི་གོས་བཟང་ལས་རིག་པའི་གནས་ཐམས་ཅད་ལ་འཁྲུལ་བའི་དྲི་མ་ཙམ་ཡང་སྤངས་པ་སྟག་ཚང་ལོ་ཙཱ་བ་ཞེས་བསྔགས་བརྗོད་མཛད།   དུས་ཕྱིས་སུ་ཡར་འབྲོག་སྟག་ལུང་དུ་ས་སྐྱའི་དགོན་ལག་ཏུ་གྱུར་པ་ཐར་གླིང་ཆོས་སྡེ་གསར་དུ་བཏབ་སྟེ་དགེ་འདུན་སྟོང་ཕྲག་ལྷག་གི་ཚོགས་པ་བསྐྱངས།   གསུང་རྩོམ་ལ་དུས་འཁོར་སྤྱི་དོན།   གྲུབ་མཐའ་ཀུན་ཤེས།    རིག་གནས་ཀུན་ཤེས་སོགས་དང་།    བསྒྱུར་རྩོམ་ནི་བསྟན་འགྱུར་ལས་སྡེབ་སྦྱོར་གྱི་བསྟན་བཅོས་སོགས་དང་།   གཞན་གསོ་དཔྱད་བྱུང་ཚུལ་གྱི་ལོ་རྒྱུས་སྨན་གྱི་སྤྱི་དོན་དང་བཅས་པ་མཁས་པའི་ཡིད་འཕྲོག་སོགས་གསོ་བ་རིག་པའི་བསྟན་བཅོས་ཀྱང་མང་དུ་མཛད།   ནམ་འདས་ཀྱི་ལོ་ཚིག་གསལ་བར་མ་ངེས། །

མཚོ་སྔོན་པོ་བོད་ཡིག་དྲ་བ་ལས་བཏུས།