无障碍阅读 关怀版

༄༅། ། ལོ་ཙྰ་བ་བཀྲ་ཤིས་རྒྱལ་མཚན།

དུས་ཚོད། 2018-12-14 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙྰ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། བསྟན་པའི་ཆོས་སྒོར་བཞུགས་ཏེ་རབ་བྱུང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་ཁ་ཆེ་དང་བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་བསྟན་བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། བསྒྱུར་རྩོམ་གཙོ་གྲས་ནི་བསྟན་འགྱུརལས་སྲུང་བ་ལྔའི་ཆོ་གསློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་མཛད་པ་དང་།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་བསྡུསརྒྱ་གར་གྱི་མཁན་པོ་ཀུ་མྰ་ར་བྷ་དྲས་མཛད་པ་བཞུགས་སོ།

བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙྰ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་ལས་བཏུས།