无障碍阅读 关怀版

༄༅། ། ལོ་ཙྰ་བ་ཀློག་སྐྱ་ཤེས་རབ་བརྩེགས་པ།

དུས་ཚོད། 2018-12-14 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ལོ་སྟོད་ཙམ་དུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙྰ་བ་ཞིག་ཡིན།ཁོང་གིས་ཐོག་མར་བོད་ཡུལ་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་ནས་ཁ་ཆེ་དང་བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སློབ་གཉེར་ལེགས་པར་མཛད་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། བསྒྱུར་རྩོམ་གཙོ་གྲས་ནི་བཀའ་འགྱུརལས་སེང་གེ་སྒྲའི་དམ་བཅས་པའི་གཟུངསདང་། བསྟན་འགྱུརལས་ཡི་གེ་བདུན་པའི་སྒྲུབ་ཐབསསླད་ནས་མར་པ་ཆོས་ཀྱི་དབང་ཕྱུག1042-1136གིས་ཞུས་ཏེ་གཏན་ལ་ཕབ།འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བཤོ་ལོ་ཀ་ཉིས་སྟོང་ལྔ་བརྒྱ་པ།བྱབ་ཆུབ་ཀྱི་སེམས་བསྒོམ་པ》《འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ》《མཚན་བརྗོད་འགྲེལ་པ་བར་པའི་སྐོར་གསང་ལྡན་གྱི་དཀའ་འགྲེལ་དོན་བསྡུས་སྒྲོན་མབཅས་བཞུགས་སོ།

བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙྰ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་ལས་བཏུས།