无障碍阅读 关怀版

༄༅། ། ལོ་ཙྰ་བ་སྐྱོབ་པ་དཔལ་བཟང་།

དུས་ཚོད། 2018-12-27 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙྰ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ནས་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་སློབ་གཉེར་ཕུལ་དུ་ཕྱིན་པ་མཛད་ཅིང་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། བསྒྱུར་རྩོམ་གཙོ་གྲས་ནིབསྟན་འགྱུརལསདཔལ་གྱི་རྡོ་རྗེའི་མངོན་པར་རྟོགས་པའི་ཐིག་ལེཞེས་བྱ་བ་གནས་བརྟན་ཤྰཀྱ་སྲུང་བས་མཛད་པ་སོགས་བཞུགས་སོ།

བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙྰ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་ལས་བཏུས།