无障碍阅读 关怀版

༄༅། ། སྐྱོག་ལོ་ངག་དབང་རིན་ཆེན་བཀྲ་ཤིས།

དུས་ཚོད། 2018-12-27 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་མཇུག་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙྰ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཞ་ལུ་དགོན་པའི་ཆོས་གྲྭར་ཞུགས་ཤིང་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། ལྷག་པར་དུ་ཞ་ལུ་ཆོས་སྐྱོང་བཟང་པོ(1441-1527)ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར། ལེགས་སྦྱར་གྱི་སྐད་ཡིག་ལའང་ནང་བྱན་ཆུད་པ་མཛད་དེ་བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། རབ་བྱུང་དགུ་པའི་ཕོ་མོ་སྤྲེལ(1536)ལོརབརྡ་གསར་རྙིང་ལི་ཤིའི་གུར་ཁང་བརྩམས། གསུང་རྩོམ་ནིམངོན་བརྗོད་ཉེར་མཁོ་བསྡུས་པདང་། བསྒྱུར་རྩོམ་གཙོ་གྲས་ནིབསྟན་འགྱུརལས་ཙནྡྲ་པའི་ཡི་གེའི་འགྲེལ་པསོགས་བཞུགས་སོ།

བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙྰ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་ལས་བཏུས།