༄༅། ། ལོ་ཙཱ་བ་ཁམས་པ་ལྡི་རི་ཆོས་གྲགས།
སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན་ཅིང་། རྗེ་འདིས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ནན་ཏན་མཛད་ཅིང་། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། བསྒྱུར་རྩོམ་གཙོ་གྲས་ནི《བསྟན་འགྱུར》ལས་《དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ལས་ཕྱུང་བ་སྤྱན་མའི་ངན་སོང་སྦྱོང་བའི་ཆོ་ག》དཔལ་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེས་མཛད་པ་སོགས་བཞུགས་སོ།
《བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙྰ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་》ལས་བཏུས།