无障碍阅读 关怀版

༄༅། ། ལོ་ཙཱ་བ་ཁུ་དངོས་གྲུབ།

དུས་ཚོད། 2019-10-19 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ཤིང་། ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་པ་མཛད་ཐོགདེ་རྗེས་ཁ་ཆེ་དང་། བལ་ཡུལ།རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་གཉིས་ཀའི་ཆོས་ལ་སློབ་གཉེར་ལེགས་པར་མཛད་པ་དང་། ལེགས་སྦྱར་གྱི་སྐད་ལའང་བྱང་ཤིང་ཆུབ་པ་མཛད་ནསཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུདལས་ལེའུ་གཉིས་ཙམ་བསྒྱུར་ཞིང་།སླད་ནས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས༡༠༡༡ནས་༡༠༦༤ཞུས་ཤིང་གཏན་ལ་ཕབ་ཅེས་འགྱུར་བྱང་དུ་འཁོད་འདུགབསྒྱུར་རྩོམ་གཙོ་གྲས་ནིབཀའ་འགྱུརལསཕག་མོ་མངོན་པར་བརྗོད་པ་བཤད་པའི་རྒྱུད་ཕྱི་མ་ལས་ཕག་མོ་མངོན་པར་བྱང་ཆུབ་པ》《ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུདལས་ལེའུ་གཉིས་། བསྟན་འགྱུརལས་བུང་བ་འདོད་པའི་སྒྲུབ་ཐབསདང་། བདུད་རྩི་འབྱུང་བའི་གཏོར་མའི་ཆོ་ག》《ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅནབཅ་བཞུགས་སོ།

བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙྰ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་ལས་བཏུས།