无障碍阅读 关怀版

༄༅། ། ལོ་ཙཱ་བ་ཁེར་གད་འཁོར་ལོ་གྲགས་པ།

དུས་ཚོད། 2019-10-19 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་སྟེ།དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་བཅས་ལ་བྱང་བར་མཛད་ཅིང་། རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ལེགས་པར་སྦྱངས། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་གཉིས་ཀའི་གཞུང་ལ་ཐོས་བསམ་ཕུལ་དུ་ཕྱིན་པ་མཛད་ཅིང་། ལེགས་སྦྱར་གྱི་སྐད་ལའང་བྱང་ཞིང་ཆུབ་པར་བསླབས་ཏེ་རྒྱ་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར་བར་མཛད།བསྒྱུར་རྩོམ་གཙོ་གྲས་ནིབཀའ་འགྱུརལསདཔལ་རྡོ་རྗེ་ནག་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུདལེའུ་ཉི་ཤུ་རྩ་ལྔ་པ་དང་།བསྟན་འགྱུརལསརྡོ་རྗེ་ཐེག་པའི་དུས་ཀྱི་འཁོར་ལོའི་རྩ་བའི་ལྟུང་བདང་། དཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག》《དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བབཅས་བཞུགས་སོ།

བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙྰ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་ལས་བཏུས།