无障碍阅读 关怀版

༄༅། །བོད་ཀྱི་དམངས་ཁྲོད་གཏམ་དཔེ།

དུས་ཚོད། 2017-06-13 རྩོམ་པ་པོ རྩོམ་སྒྲིག སྐྱིད་ལུས།

བོང་བུ་བསླངས་པའི་དགའ་ཚོར་མེད་པར།།   གཞུག་གུ་བཀོག་པའི་ཡ་ལ།།

ར་སྤུའི་འུར་རྡོ་ར་ཡི་མཇིང་པར་འཁོར།

དཀའ་བའི་དུས་དུ་གྲོགས་པོ་བཟང་ངན་རྟོགས།འདམ་རྫབ་ནང་དུ་རྟ་ཕོའི་ཤེད་ཤུགས་ཤེས།

ཐག་རིང་གི་གཉེན་ལས་གྲོང་པའི་དགྲ་དགའ།

སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས།

ཆོས་སྐྱོང་རང་མགོ་མི་ཐོན་པར།མགོ་ནག་མི་ཡི་སྐྱོབ་རོགས།

རྟ་བརྒྱུགས་ན་རྒྱུག་ས་ཨེ་ན་ཡིན། དེ་ཡང་ཆད་ས་རོང་འཕྲང་འགག་རེད།

མི་ས་འོག་ཏུ་སོང་ཡང་གཏམ་ས་སྟེང་དུ་གནས།

སྐབས་བབས་གསེག་གཅོད།

རྟ་ཤོར་ན་འཛིན་ཐབས་ཡོད་ཀྱང་གཏམ་ཤོར་ན་འཛིན་ཐབས་མེད།

ནར་ནར་ལྕེ་ལ་བདག་པོ་མ་རྒྱབ་ན། རིལ་རིལ་དབུ་ལ་འོ་བརྒྱལ་བཟོས་ཡོང་ངོ་།

གཏམ་ལ་མཚོན་ཆ་མེད་ཀྱང་མི་སྙིང་དུམ་བུར་གཅོད།

ཨ་གསར་རྟ་ལས་མགྱོགས་པ། གཞུག་གུ་ལུག་ལས་ཐུང་བ།

མགྱོགས་མགྱོགས་བྱས་ན་འགོར་འགོར།

མགོ་བདེ་པོས་ཞྭ་མོ་བརླག

ལུང་པ་ཆུ་ཡིས་ཁེངས་ན།རྡོ་ལེབ་སྐམ་པོར་མི་སྡོད།

ལྕམ་སྐུ་ཞབས་ཀྱི་འགྲོ་སྟངས་མ་ཤེས།བུ་མོ་ང་རའི་འགྲོ་སྟངས་ཤོར།

ལྷ་མདུན་ལ་བཞག    ཕྱག་རྒྱབ་ལ་འཚལ།

སྐད་ཆ་ཉུང་རུང་མགོ་རྔ་ཚང་། ལུང་པ་ཆུང་རུང་རྩྭ་ཆུ་འཛོམས།

གཟུགས་ཆུང་བར་བྱིས་པའི་མཐོང་དང་། རྒྱུ་མེད་པར་སྤྲང་པོའི་མཐོང་།

སེམས་ཆུང་ལ་ཆག་སྒོ་མང་། ཧམ་ཆེན་ལ་ཟ་སྒོ་མང་།

ཁས་བླངས་སོས་ཟིན།

ཁས་ལེན་རང་གིས་བྱས་པ་དེ། སངས་རྒྱས་ཡིན་ཀྱང་བྱོལ་ཐབས་མེད།

བརྒྱབ་པའི་མདའ་དང་བཏང་བའི་གཏམ།

ཁ་གཅིག་ལྕེ་གཉིས།

ཁ་སྟོང་པས་ལྕེ་ཡུག་ཡུག

ཟོ་ཟེར་བར་ཐང་ཁུག་སྟོང་པ།

སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ།སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་།

ལུས་ལ་ན་ཚ་མེད་པར་སེམས་ལ་དྲེག་པ་འཁུར་དོན་མེད།

ཆུང་དུས་ཡོན་ཏན་མ་སྦྱངས་ན། ཆེ་དུས་འགྱོད་དང་མ་འགྱོད་མེད།

མ་ཤེས་ཁ་རོག་བསྡད་པ་ན། ལོ་བརྒྱ་སོང་ཡང་བཟང་བསྐྱེད་མེད།

གཏམ་ཨ་ཕས་གཏོང་རྒྱུ་ཨ་མས། ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས།

གཞོན་པའི་ཤེད་ལས་རྒན་པོའི་ཇུས་བཟང་།

ལུ་གུ་རྒྱགས་ཀྱང་རྐང་མར་ཁྲག

ཡོད་དུས་གཏོར་མ་བཏང་། མེད་དུས་གཏོར་ཆུ་བསྒུགས།

ཡོད་པོ་མེད་པོར་བཏང་། དར་ར་ཕྱུར་ཁུར་བཏང་།

དཀོན་གཉེར་ཕྱི་བདར་མཁས་དྲགས་ན། གསེར་སྐུ་རག་ལ་བཏང་ཡོང་ངོ་།

ཤིག་ལ་རྒྱབ་ཀྱང་གོང་བའི་ཕྱི་ནང་།

ལག་པ་ཡ་གཅིག་གི་ཐལ་མོ་མི་ཡོང་། རྐང་པ་ཡ་གཅིག་གི་ཞབས་བྲོ་མི་ཡོང་།

མི་རྒན་པའི་ཁ་ལ་མ་ཉན་ན་མི་གཞོན་པའི་བྱ་བ་རླུང་ལ་ཤོར།

མི་རྒྱུ་ཟ་བར་ལྕགས་ཀྱི་འགྲམ་པ་དགོས།

ཆུང་ཆུང་བློ་ཡིས་མི་གཏོང་། ཆེན་པོ་གར་སོང་མི་ཤེས།

གང་ཞིག་དུག་གི་རི་ལ་གནས་བཅས་ན། དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་འགྱུར། གང་ཞིག་གསེར་གྱི་རི་ལ་གནས་བཅས་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར།

རྣམ་རྟོག་ཅན་ལ་འདྲེ་འཁོར།

གྲོད་པ་མི་ཡིས་ཟ་དུས་ཧྲོབ་ཧྲོབ་དང་རང་གིས་ཟ་དུས་ཆག་ཆག

ཆུ་ཐོན་སོང་ཟམ་པ་ག་ལེ་བཞུགས། ལ་ཐོན་སོང་ལབ་རྩེ་ག་ལེར་བཞུགས།

ཐག་ཞོར་འབྲེང་འདྲུད།

སྤྲང་ཁྱི་ཐོག་ཁར་བཏགས་པས། ནམ་མཁའི་སྐར་མར་རྨུགས་ཀྱིས།

མི་ཉན་པ་ལ་ཁ་ཏ་བྱེད་པ་དེ། ཀོ་བ་སྐམ་པོ་ལག་པས་མཉེད་པ་འདྲ།

འགྱེལ་བའི་སྟེང་ལ་རྡོག་བརྫིས། མུ་གེའི་སྟེང་ལ་ཟླ་ལྷག

ཕར་རྡོ་ཆེན་པོ་ཞིག་མ་ཞུས་ན་ཚུར་ས་ཆེན་པོ་ཞིག་ག་ནས་བབས།

ཕར་འཇོར་མ་གཞུས་ཚེ་ཚུར་ས་མི་གོག

ནད་པ་རྒད་པོ་ཨེམ་ཆི་ཡིན།

མེ་ཚ་བའི་སྟེང་ལ་ཤིང་གཤགས་པ།

དཀྱིལ་མ་འཁོལ་གོང་ནས་ཐབ་ཟུར་ལུད།

རྒྱ་མཚོའི་གླིང་དུ་མ་ཕྱིན་ན། ཡིད་བཞིན་ནོར་བུ་ག་ལ་རྙེད།

ཉིན་མོ་རྐུན་མ་མ་རྐུ་ཅིག རི་མགོ་ཚང་མ་མིག་ཡིན།

མཚན་མོ་ཕག་ལབ་མ་བཤད་ཅིག རྩིག་གསེང་ཚང་མ་རྣ་བ་ཡིན།

བཀོད་པ་རང་གི་སེམས་ན་ཡོད། རྩམ་པ་རྩམ་ཁུག་ནང་ན་ཡོད།

ལག་པར་ཤ་ཡོད་ན། ནམ་མཁར་བྱ་འཁོར།

ཨམ་ལྕོག་བཀོག་ནས་རྐུབ་ཀྱི་ལྷན་པ།

ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། རྒྱ་མཚོས་ཀུ་ཅོ་ག་ལ་སྒྲོག

བྱས་པ་རྗེས་མེད་དང་བྱུགས་པ་ཤུལ་མེད།

ཁོག་མའི་ནང་ལ་ཡོད་ན་གཟར་བུའི་ནང་དུ་ལོས་ཡོད།

སྐྱུག་བྲོ་ཡང་ཨ་མའི་ལྟོ་ཕོར་རེད།

རྟེན་འབྲེལ་མགོ་ནས་འགྲིག་ན། བྱ་བ་གཞུག་ནས་འགྲུབ་ཡོང་།

ཤ་ཆད་ཀྱང་རྒྱུས་པ་མ་ཆད།

ཡ་རབས་མ་རབས་སྤྱོད་པས་ཤེས། ལུང་པ་གང་ཡིན་སྐད་ཀྱིས་ཤེས།

ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ།

ཕྱར་བ་གྲུ་འདེགས།

རླུང་མ་ལྡངས་ཤིང་སྡོང་འགུལ་དོན་མེད། གྲུ་མ་འགུལ་ཆུ་མོ་ཉོག་དོན་མེད།

ཡངས་རྩེའི་སྟེང་ལ་ཡལ་སྒྲོན།

གཡག་གདང་མགོས་མདང་ཚོད་མ་ཟིན་ན་གདང་གཞུག་སྐེད་པ་འཁྱོག་ཉེན་ཡོད།

མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུག ཟས་ངན་གཅིག་གིས་ལུས་པོའི་སྟོད་སྨད་དཀྲུག

ཀ་བར་འཇག་མའི་ལྷན་པ།

སྟ་རེ་རྡོ་ལ་བཞུས་ན། སྐུ་གྱོང་ལྕགས་ལ་ཕོག་ཡོང་།

མི་ཁོག་མི་ཡིས་མི་ལོན། ཁྱི་ཁོག་རྒྱུག་པས་མི་ལོན།

སྒོག་པ་ལྐོག་ཏུ་བཟས་ཀྱང་། སྒོག་དྲི་ངོས་ལ་ཁ་ཡོང་།

མི་ཡི་རི་མོ་ནང་ལ་ཡོད། སྟག་གི་རི་མོ་ཕྱི་ལ་ཡོད།

སྤྱང་ཕྲུག་གསོས་ནས་སྒོ་ཁྱི་མི་ཉན།

རྩ་བ་སྨན་ཡིན་ན། ཡལ་ག་དུག་ཡོང་མི་སྲིད།

སྐྱུར་མོ་ཞིག་དང་མ་འཕྲད་ན། མངར་མོ་ཐམས་ཅད་ཅང་ཅང་ཡིན།

ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ།

ཆུ་དཀྲོགས་ནས་མར་མི་ཐོན།

མི་ལ་སྐྱོན་མེད་པ་དང་ཤིང་ལ་འཛེར་པ་མེད་པ་ཡོང་མི་སྲིད།

བསག་བསག་གསིག་གསིག་བྱས་ཀྱང་། ལྗང་པ་ཐོག་ཁར་མི་སྐྱེ།

མི་ལ་ཤེས་ཡོན་མེད་འགྱུར་ན། མི་སྐད་ཤེས་པའི་བོང་བུ་འདྲ།

ཟུར་བསྟན་ལེབ་མཐོང་།

བརྒྱའི་དཀྱིལ་ནས་བསྒྲུགས སྟོང་གི་དཀྱིལ་ནས་བདམས།

ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་རིལ།

ཨ་ཕོ་རང་གིས་མ་འཇོན་ན། སྐྱབས་མི་ལ་བཅོལ་བ་ལས་ཀྱི་ཐ།

བོང་བུའི་རྣ་བར་གསེར་བླུགས་ཀྱང་ཐབ་ཐབ། བྱེ་མ་བླུགས་ཀྱང་ཐབ་ཐབ།

ར་བསད་ནས་ལུག་འདར།

ཡུལ་ཆུ་བཏུང་ནས་ཡུལ་ཁྲིམས་འཁུར་དགོས།

ཁམ་བུ་བཟའ་འདོད་མ་རེད། ཡལ་ག་གཅོད་འདོད་རེད།

དབྱར་ལམ་དུ་མ་མཇལ་ཡང་དགུན་ལམ་དུ་མཇལ་ཡོང་།

དགོན་པའི་ཁྱི་ལ་གཞུས་ན། བླ་མའི་ཐུགས་ལ་ཕོག་ཡོང་།

བདེན་པ་མར་ཡིན་ཀྱང་མི་བཞུ། རྫུན་མ་ལྕགས་ཡིན་ཀྱང་མཐིལ་རྡོལ།

ཕོ་ཁྱོ་གའི་ཁོག་པ་མདའ་ཤོང་མདུང་ཤོང་རེད།

རི་རྒྱལ་ལྷུན་པོར་སྦྲང་མའི་གཤོག་ལྕག