无障碍阅读 关怀版

༄༅། །སྙན་ངག་ཚན་པ་གཅིག

དུས་ཚོད། 2020-05-18 རྩོམ་པ་པོ དགེ་འདུན་ཆོས་འཕེལ། རྩོམ་སྒྲིག ཉི་མ་དོན་གྲུབ།

དྭངས་གསལ་དྲི་མ་མེད་པའི་རྒྱ་མཚོ་ན། །

ངང་པའི་བུ་མོ་དལ་གྱིས་རྒྱུ་བ་འདིས། །

སྤྲིན་བྲལ་སྟོན་གྱི་ནམ་མཁའ་དྭངས་པ་ལ། །

ཉ་གང་ཟླ་བ་བགྲོད་པའི་མཛེས་སྡུག་འཕྲོག །

རི་བོང་ཟླ་བའི་ཅོད་པཎ་ཅན། །

ངང་པ་བསུ་བའི་ཁ་ལོ་བ། །

བཅོས་མིན་འོད་དཀར་འདི་མཐོང་ནས། །

བརྗོད་མེད་ཡིད་ལ་དགའ་བདེ་སྐྱེས། །

རྨོངས་པའི་ཕ་ཤ་ཟ་བའི་དཔའ་བོ་ཡིས། །

མེ་འབར་རལ་གྲི་ཕྱག་ན་འཕྱར་བ་ལ། །

མ་འཇིགས་སྙིང་ནས་གུས་པས་གསོལ་བཏབ་ན། །

དུག་གསུམ་བདུད་ཀྱི་བུ་ལ་འཇིགས་པ་ཅི། །

གོང་སྡོད་རྗེ་ཡི་གཟུགས་དང་གཡོག་གི་ལུས། །

མཐོང་རྒྱུ་འབྱོར་བའི་ཚེ་དང་སྤྲང་པོའི་ཚེ། །

བཙུན་པ་བཟང་ཤོས་ཁྱིམ་པ་སྡུག་ཤོས་སོགས། །

སྐྱེ་བ་གཅིག་ལ་ལུས་རྟེན་མང་དུ་བརྗེ། །

མི་ཡི་མི་ཚེ་ཚེ་ཡི་ཁྲལ་ཡིན་པས། །

ཁྲལ་པ་འཆི་བདག་ཡུལ་དུ་མ་འཁྱོལ་བར། །

དགའ་དུས་རིང་དུ་གཏོང་བའི་ཐབས་མེད་ན། །