无障碍阅读 关怀版

རྒྱ་བོད་ལོ་ཙྰའི་ཁྲོད་ཀྱི་ཐ་སྙད་དང་ཚིག་དུམ་འགའ་ཞིག་གི་སྒྱུར་ཐབས་དང་སྣང་འཇོག་བྱེད་དགོས་པའི་གནད་འགག་གཉིས་གླེང་བ།

དུས་ཚོད། 2018-04-25 རྩོམ་པ་པོ རིན་སྤུངས་ཉི་མ་དོན་གྲུབ། རྩོམ་སྒྲིག ཉི་མ་དོན་གྲུབ།

དང་པོ། ཐ་སྙད་དང་ཚིག་དུམ་འགའ་ཞིག་གི་སྒྱུར་ཐབས་བརྗོད་པ།

གཅིག 嘉年华དགའ་ནེའུ་དུས་ཆེན

嘉年华ཟེར་བའི་ཐ་སྙད་དེ་བོད་སྐད་ཏུ་དགའ་ནེའུ་དུས་ཆེནཞེས་བསྒྱུར་བའི་རྒྱུ་མཚན།嘉年华ཟེར་བ་དེའི་བོད་ཡིག་ཏུ་དགའ་ནེའུ་དུས་ཆེནཞེས་བོད་རང་སྐྱོང་ལྗོངས་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་བཀས་བཅད་བྱས་འདུག་པ་དེ་མི་མང་པོས་ནང་དོན་རྟོགས་དཀའ་བ་ཞིག་བྱུང་ཡོད་སྲིད། དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ནས་བྱུང་བའི་ཐ་སྙད་གཅིག་ཡིན་པས་ན་དགའ་ནེའུ་དུས་ཆེནནི་ ཕལ་ཆེར་དབྱིན་སྐད་དུ་carnival /ˈk��nɪvəl/ཡི་སྒྲ་ལས་བྱུང་ཞིང་སྒྲ་དོན་ཟུང་འབྲེལ་གྱི་ཐབས་སྤྱད་པ་ཞིག་ཡིན།།      
གཉིས། 绿色食品 འབྱུང་འཕྲོད་ཟས་རིགས

中文名:绿色英文名:green拼 音:[lǜ sè] 绿色同所有词一样,有两种意思,一个是它的字面意思,也就是说绿色的本身意思“ལྗང་གུ། ལྗང་མདོག。第二个意思是它的引申含义,泛指无公害、健康的意思。在译文中使用本身意思的时候,大家都会,不会有任何难度,如:绿色花མེ་ཏོག་ལྗང་གུ། ལྟ་བུ། 当今社会绿色一词与很多名词组成词语,形成了一个较为流行且使用广泛的新词,如:绿色食品、绿色通道等。那么,在这些词语中如何把“绿色”一词翻译成译文呢?这就是我们的难点。 

对于“绿色食品”而言,有很多人翻译为གནོད་མེད་ཟས་རིགས། འབགས་མེད་ཟས་རིགས། འབྱུང་འཕྲོད་ཟས་རིགས། སྔོ་ལྗང་ཟས་རིགས། ལྷད་མེད་ཟས་རིགས།其中西藏自治区规范委员会规范的是འབྱུང་འཕྲོད་ཟས་རིགས། 绿色食品”在汉文的解释是在良好的生态环境中,通过无污染的生产过程生产出的安全营养、无公害的食品。之所以选择འབྱུང་འཕྲོད་ཟས་རིགས། དེའི་ནང་དོན་ནི་འབྱུང་བ་ལྔ་དང་འཕྲོད་པར་བྱེད་པའི་ཟས་རིགས་ཞེས་པའི་དོན་ཡིན། འཇིག་རྟེན་གྱི་དངོས་པོ་ཐ་དག་ནི་འབྱུང་བ་ལྔ་ལས་གྲུབ་པ་ཞིག་ཡིན་པས་ན་ཟས་རིགས་དེའི་བཟོ་བཅོས་ཀྱི་བརྒྱུད་རིམ་ཁོར་ཡུག་ལ་མི་གནོད་ཅིང་། བེད་སྤྱོད་བྱས་རྗེས་མིའི་ལུས་པོ་སོགས་ལ་གནོད་མེད་འབྱུང་བར་འཕྲོད་པས་འབྱུང་འཕྲོད་ཟས་རིགས་སུ་བསྒྱུར་བ་ཡིན།ཡང་འགའ་ཞིག་གིས་གནོད་མེད་ཟས་རིགསཞེས་བསྒྱུར་བ་དེ་སྤྱིའི་ཆ་ནས་ནོར་བར་མི་མངོན། དེ་རྒྱ་ཡིག་ཏུ་无公害食品རེད། འོན་ཏེ་绿色食品、绿色雪顿ལྟ་བུའི་ནང་གི་绿色ཞེས་པ་དེ་དེ་སྔོན་རྒྱ་ཡིག་མ་ཡིག་གི་无公害དེ་ཚུར་འགྱུར་ནས་绿色བྲིས་པ་ཡིན། བྱས་ཙང་མུ་མཐུད་གནོད་མེད་ཟས་རིགས་སུ་འབྲི་བའི་དགོས་པ་མེད་པར་གཅིག་གྱུར་དུ་བཟོས་པའི་འབྱུང་འཕྲོད་ཟས་རིགས་སུ་སྒྱུར་ན་ལེགས།གཞན་དུ་འགའ་ཞིག་གིས་འབགས་མེད་ཟས་རིགསཞེས་བསྒྱུར་ཡོད་པ་དེར་སྐྱོན་གང་ཡོད་ཟེར་ན། དེ་ནི་ཁྱབ་ཆུང་བའི་སྐྱོན་དང་འབྲེལ་མི་ཆགས་པའི་སྐྱོན་ཡོད།绿色食品དེ་ནི་无公害的健康食品རེད། འབགས་མེད་ཟས་རིགསནི་འབགས་བཙོག་མེད་པའི་དོན་ཙམ་ལས་གནོད་པ་དང་བདེ་ཐང་ཡོད་མེད་སྐོར་ངེས་པ་མེད་པ་ཞིག་རེད། དཔེར་ན། ཞིང་འབྲོག་ཁུལ་གྱི་མི་སེར་གྱི་ཟས་རིགས་མང་པོ་ཞིག་ལ་འབགས་བཙོག་མང་དུ་བྱུང་ནས་ཕྱི་ནས་བཙོག་པོ་ཞིག་ཡིན། འོན་ཏེ་ཁ་ལ་ཟས་རྗེས་ལུས་ལ་འཇུ་བ་ལས་གནོད་སྐྱོན་གང་ཡང་ཡོང་གི་མེད། བྱས་ཙང་འབགས་མེད་ཟས་རིགསནི་ཡང་མ་དག་པ་རེད།དེ་བཞིན་དུ་སྔོ་ལྗང་ཟས་རིགསདང་ལྷད་མེད་ཟས་རིགསགྱི་སྒྱུར་དེ་གཉིས་ཅུང་ལེགས་པ་ཞིག་ཡིན་མོད། སྐད་ཡིག་གཅིག་གྱུར་གྱི་དགོས་མཁོ་ལ་གཞིགས་ན། ང་ཚོས་བཀས་བཅད་ཀྱི་ཐ་སྙད་དང་གཅིག་གྱུར་བྱས་ནས་འབྱུང་འཕྲོད་ཟས་རིགས་སུ་ངེས་དགོས་པ་ནི་ཡིག་སྒྱུར་ཙམ་གྱི་གནད་དོན་མ་ཡིན་པར་བོད་ཀྱི་སྤྱི་སྐད་ཀྱི་དོན་ཆེན་དང་ཐུག་ཡོད།

གསུམ།绿色通道ཤར་གཏོང་འགྲོ་ལམ

绿色通道ཞེས་པ་འདི་བསྒྱུར་སྐབས་མ་ཡིག་གི་སྐད་ཆའི་ཁོར་ཡུག་ལ་བལྟ་རྒྱུ་ཤིན་ཏུ་གལ་ཆེ། དཔེར་ན། ཀོང་པོའི་ཡུལ་གྱི་ལམ་ལ་འགའ་རེས་རྒྱ་ཡིག་ཏུ་绿色通道ཞེས་འབྲི་བཞིན་ཡོད། དེ་སྒྱུར་སྐབས་ཀོང་པོའི་ཡུལ་གྱི་ཁྱད་ཆོས་དང་བཅས་སྔོ་ལྗང་འགྲོ་ལམ་ལྟ་བུ་རང་ལ་གོ་བ་ལེན་དགོས། ཡང་དམིགས་བསལ་གྱིས་གེགས་བར་མེད་པར་འགྲོ་ཆོག་པའི་绿色通道ལ་ཤར་གཏོང་འགྲོ་ལམདུ་བསྒྱུར་དགོས།
བཞི།   大厦བ་གམ

大厦བ་གམཞེས་པ་དེ་བོད་རང་སྐྱོང་ལྗོངས་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་བཀས་བཅད་བྱས་པའི་ཐ་སྙད་ཅིག་རེད། དེ་ནི་མི་མང་པོས་ཅུང་གོ་མི་བདེ་བར་མངོན་ཀྱང་བ་གམནི་བོད་རང་གི་སྐད་དུ་སྔོན་ནས་ཡོད་པའི་ཐ་སྙད་གཅིག་ཡིན། བོད་རང་ལ་སྒྱུར་བྱའི་དོན་གནད་ལ་འཕིགས་པའི་བརྡ་ཆད་ཡོད་ཚེ་དེ་ངེས་པར་སྤྱོད་དགོས་པ་ལས་ཡིན་གཅིག་ཐོག་བརྩེགས་ཁང་ཆེན་ཞེས་སྒྱུར་བའི་དགོས་པ་མི་ཆེ།བ་གམ་གྱི་ཚིག་འགྲེལ།༡ ཚིག་མཛོད་ཆེན་མོ།ཁང་ཆེན་བརྗིད་ཉམས་ཅན། ཁང་པ་བརྩེགས་ཐོག་ཅན། ཁངས་བཟང་བ་གམ་ཟླུམ་པོའི་དབྱིབས་སུ་བསྐྲུན།༢ དག་ཡིག་གསར་བསྒྲིགས་ལས། མཛེས་ལྗོངས་སོགས་སུ་བསྐྲུན་པའི་ཁང་པ་གྲུ་བཞིའམ་དྲུག་གམ་བརྒྱད་དང་ལྡན་ཞིང་བརྩེགས་རིམ་ལས་ཁོར་ཡུག་ལ་རྒྱང་ལྟ་བྱ་བར་རུང་བ་ཞིག་གོ་བ་ཡིན།
ལྔ། 面膜གདོང་སྐྱོ།

གདོང་སྐྱོ་ནི་面膜ལ་བོད་དུ་བཀས་བཅད་གཅིག་རང་ལས་བྱས་མེད་པ་དེ་རེད། དེ་ནི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་རྣམས་ཀྱིས་བསྒྱུར་གནང་བ་དེ་རེད། བོད་རང་སྐྱོང་ལྗོངས་ལ་ཐ་སྙད་དེ་གཅིག་གྱུར་བཀས་བཅད་བྱུང་ཡོད་པ་མ་རེད། བོད་ཀྱི་སྐད་གཅིག་གྱུར་གྱི་དགོས་མཁོ་དང་བཅས་མིག་སྔར་གཅིག་གྱུར་བྱས་པ་གཅིག་ལས་མེད་ན་དེ་སྤྱད་པར་དགེ་མཚན་ཡོད། འོན་ཏེ། འོན་ཏེ་面膜ལ་གདོང་སྐྱོ་ཟེར་ན་དབུས་གཙང་ཁུལ་ལ་དེ་ཙམ་གོ་དཀའ་བ་མ་ཟད་གདོང་སྐྱོ་པོའི་ནང་དོན་དང་ཡང་གོ་འཛོལ་ཡོང་ཉེན་འདུག དེར་བརྟེན་ང་ཚོས་ནི་སྐྱི་ལ་གོ་བས་ན་གདོང་སྐྱིའམ་ངོ་སྐྱི་ཟེར་ན་དེ་ལས་ཡག་པར་སྙམ། ཡང་面膜ནི་ཐོན་རྫས་ཤིག་ཏུ་གྲུབ་ནས་མང་ཆེ་བ་བརྡ་ཁྱབ་སོགས་ལ་སྤྱོད་པས་ན་དེ་ལ་ཞེ་ཚིག་གཅིག་སྦྱར་ནས་ཞལ་སྐྱི་ཟེར་ན་དེ་ལས་ཀྱང་ཡག་པར་འགྱུར། དཔེར་ན་སྐུ་ཉིད་ཀྱི་བཞིན་རས་དཀར་གསལ་ཡོང་ཆེད་ཞལ་སྐྱི་ག་གེ་མོ་རྟགས་ཅན་བེད་སྤྱོད་གནང་རོགས་ཟེར་བ་ལས་སྐུ་ཉིད་ཀྱི་བཞིན་རས་དཀར་གསལ་ཡོང་ཆེད་གདོང་སྐྱི་ག་གེ་མོ་རྟགས་ཅན་བེད་སྤྱོད་གནང་རོགས་ཟེར་ན་ཞེ་ས་རྐང་ཆག་ཏུ་འགྱུར་ཞིང་ཤིན་ཏུ་མི་སྙན། བྱས་ན་ཞལ་སྐྱི་དང་གདོང་སྐྱི་ངོ་སྐྱི་ཅི་ཞིག་སྤྱོད་མིན་དེ་ཡང་སྐད་ཆའི་ཁོར་ཡུག་ལ་བསྟུན་རྒྱུ་ཤིན་ཏུ་གལ་ཆེ་བར་སྙམ།
དྲུག某某单位庆祝中国共产党成立95周年文艺晚会”ཡི་སྒྱུར་ཐབས།

某某单位庆祝中国共产党成立95周年文艺晚会” 近日很多人问我这个句子如何翻译藏文,看起来很简单,但也很容易出错,这几天 我看到了几个横幅,都这么写着ག་གེ་མོའི་ལས་ཁུངས་ཀྱི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས其实这个翻译是错误的,最前面加“འབྲེལ་སྒྲ的译法是受汉语言的影响,这个译法很多人会误解为中国共产党是属于某某单位的。那么这个句子到底怎么译藏文呢?我给大家讲两种译法:
1
第一种是用བྱེད་སྒྲ来翻译如:ག་གེ་མོའི་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས
2
第 二 种 是用འབྲེལ་སྒྲ་来翻译:如:ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ག་གེ་མོའི་ལས་ཁུངས་ཀྱི་རིག་རྩལ་མཚན་ཚོགས

གཉིས་པ། ཡིག་སྒྱུར་སྐབས་ངེས་པར་གཟབ་དགོས་པའི་གནད་དོན་གཉིས་བརྗོད་པ།

གཅིག ཡིག་སྒྱུར་གཞུང་ལུགས་ལ་བསྟུན་པའི་གོ་བདེ་པོ་དང་བོད་རང་གི་སྔར་ཡོད་བརྡ་ཆད་སྤྱོད་རྒྱུའི་དབར་གྱི་འགལ་བ།

དེང་གི་ཆར་རྒྱ་བོད་ཡིག་སྒྱུར་ལ་གནད་དོན་ཞིག་འཕྲད་བཞིན་ཡོད་པ་ནི་ཡིག་སྒྱུར་གྱི་རྩ་དོན་ལྟར་བུ་ཡིག་གོ་བདེ་པོ་དགོས་པ་དང་འགྱུར་ཡིག་ལ་བོད་རང་གི་བརྡ་ཆད་སྤྱད་ནས་བོད་སྐད་ཡིག་བྲོ་བ་དང་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱེད་དགོས་པའི་དབར་གྱི་འགལ་ཟླ་འདི་རེད། བོད་སྐད་ཡིག་འདི་ཉམས་དམས་འདི་ལྟ་བུ་འགྲོ་བཞིན་པའི་དུས་སྐབས་འདིར་ཡིག་སྒྱུར་བའི་ངོས་ནས་བཤད་ན། གནད་དོན་འདི་ནི་མགོ་ན་བའི་གནད་དོན་ཞིག་ལོས་ཡིན།གང་ལྟར་ཀྱང་གནས་སྐབས་ཤིག་རིང་གཡས་གཡོན་གཉིས་ཀར་ཚད་རན་པོ་ཞིག་བྱ་ཐུབ་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་རང་དུ་བབས། དེ་ནི་ད་ལྟའི་དུས་འདིར་སྐད་ཡིག་སྲུང་སྐྱོབ་ཀྱི་དུས་སྐབས་ཤིག་ཏུ་གནས་ཡོད་པས་ན་དེ་ལྟར་བརྗོད་པ་ཡིན། དེས་ན། ཡིག་སྒྱུར་སྐབས་ཚིག་སྦྱོར་མང་པོ་ཞིག་དམངས་ལ་བསྟུན་རྒྱུ་གལ་ཆེ་མོད། རང་རང་གི་ཡུལ་ལུང་ཆུང་ངུའི་སྐད་དྲངས་ནས་བསྒྱུར་མི་རུང་བ་དང་གཅིག དམངས་ཀྱི་དགོད་བྲོའི་རྣམ་པས་མིང་བཏགས་ནས་གྲུབ་པའི་ཐ་སྙད། དཔེར་ན། ཞིང་ཁུལ་དུ་བརྔ་བསྡུ་འཕྲུལ་འཁོར་ལ་ཀོང་ཐུའོ་ཆང་(光头强)ཞེས་བརྗོད་པ་དང་འབྲོག་ཁུལ་འགའ་ཞིག་ལ་བྱེ་མ་ཀ་རར་པེ་ཐང་(白糖)ཞེས་བརྗོད་པའི་ཚད་དམའ་པོ་དེ་འདྲར་ཡང་བསྒྱུར་མི་རུང་བ་དང་གཉིས། དམངས་ཀྱིས་གོ་བདེར་བསྟུན་རྒྱུ་གནད་ཆེ་རུང་ཐམས་ཅད་ཁ་སྐད་ལྟར་བསྒྱུར་དགོས་ཞེས་པའི་ཚད་མ་ཡིན་པར་ཡིག་སྐད་ནས་དག་ཆ་མ་ནོར་ཞིང་བརྡ་སྤྲོད་དང་མཐུན་པར་དགོས་པ་དང་གསུམ། དམངས་ལ་བསྟུན་པ་ནི་བོད་མི་སྤྱི་ཡོངས་ཀྱིས་རྟོགས་ཐུབ་ཅིང་བོད་ཀྱི་སྤྱི་ཚོགས་འདིའི་སྐད་ཆའི་འགྲོས་དང་མཐུན་པའི་ཆ་ནས་བསྒྱུར་དགོས་ཞེས་པའི་མཚན་ཉིད་ཡིན་པ་ཤེས་དགོས་པ་དང་བཞིའོ།
       ཡང་ཡིག་སྒྱུར་སྐབས་བོད་ལ་སྔར་ནས་ཡོད་པའི་ཐ་སྙད་གང་མང་སྤྱོད་དགོས་པ་དེའང་དོན་དངོས་ཤིག་ཡིན་མོད། ཐ་སྙད་རྙིང་པ་དེ་སྤྱི་ཚོགས་འདི་གར་སྤྱོད་ཚད་ཇི་ཙམ་ལ་སླེབས་དགོས་པར་བསམ་གཞིགས་བྱེད་དགོས་པ་ཡིན། གལ་ཏེ་ཐ་སྙད་རྙིང་པ་འགའ་ཞིག་ད་ལྟའི་སྤྱི་ཚོགས་འདིར་ཧ་མི་གོ་བའི་རྣམ་པར་གནས་ཡོད་ཚེ། དེང་སྐབས་ཀྱི་སྐད་བརྡའི་འགྲོས་ལ་བསྟུན་ནས་བརྡ་ཆད་གསར་པ་སྤྱད་ནས་ཡིག་སྒྱུར་གོ་བདེ་བར་བྱ་དགོས་པ་ཡིན། ཡིག་སྒྱུར་བས་ཀླད་རྙིང་མཁྲེགས་བཟུང་གིས་བརྡ་ཆད་རྙིང་པ་རྐྱང་སྤྱད་ཚེ། རིག་གནས་ཅན་དང་ཡིག་རྨོངས་བའི་བར་ལ་སྐད་ཡིག་གི་དབྱེ་མཚམས་ཤིག་གྲུབ་ནས་བོད་ཀྱི་སྐད་ཆ་དེ་སླར་ཡང་ཤོག་ཁག་ཅིག་ཐོན་ཉེན་ཡོད་ལ། བོད་སྐད་ཡིག་གི་ཆུ་ཚད་དམའ་བའི་བོད་ཀྱི་སྤྱི་ཚོགས་ཀྱི་ད་ལྟའི་ཆ་ལ་ཡིག་སྒྱུར་དེ་འདྲ་ཞིག་གིས་ཀློག་པ་པོར་ཞབས་ཞུ་ལེགས་པོ་ཞིག་བསྒྲུབ་དཀའ་བ་ཡིན། དེའི་རྐྱེན་ལ་བརྟེན་ནས་ཐོན་སྐྱེད་འཚོ་བའི་ཁྲོད་ཆབ་སྲིད་སྲིད་ཇུས་མ་རྟོགས་པར་འགོག་རྐྱེན་གཞན་ཡང་བཟོ་སྲིད་པ་ཡིན། གཞན་དུ་ཐ་སྙད་རྙིང་པའི་ངོ་བོའམ་གོ་དོན་ལ་འཕོ་འགྱུར་བྱུང་ཡོད་མེད་ལའང་བརྟག་དགོས་པ་གལ་ཆེ། བརྡ་ཆད་ཀྱིས་སྐད་ཡིག་འཕེལ་རྒྱས་ལ་ཤུགས་རྐྱེན་ངེས་ཅན་བཟོ་སྲིད་མོད། སྐད་ཡིག་གི་རྩ་བ་ནི་སྐད་དང་བརྡ་སྤྲོད་ཡིན། མི་རིགས་ཅི་འདྲ་ཞིག་ཡིན་རུང་ཡིག་སྒྱུར་གྱི་བྱ་ལས་དེ་སྐད་ཡིག་གི་བྱ་བའི་ཡ་གྱལ་ཞིག་ལས། གཙོ་རྐང་དུ་གྲུབ་པ་ཞིག་མིན་པས་ན། བོད་སྐད་ཡིག་གི་རྩོམ་པ་དང་སྤྱོད་པ་ལ་ཤུགས་སྣོན་བརྒྱབ་རྒྱུ་ནི་དེ་དག་ཀུན་ལས་གལ་ཆེ་བ་ཡིན།  དེ་ལྟ་བཞིན། དམངས་ཡོངས་ཀྱི་བོད་ཡིག་ཆུ་ཚད་སྤྱི་ཡོངས་ནས་གོང་མཐོར་གཏོང་ཐུབ་པ་ཞིག་བྱུང་ཚེ།  ད་གཟོད་ཡིག་སྒྱུར་གྱི་གོ་བདེ་བའི་རང་བཞིན་དང་བོད་རང་གི་བརྡ་ཆད་རྙིང་པ་སྲུང་བའི་བར་འགལ་ཟླ་འང་ཐོན་ཨེ་ཡོང་སྙམ་པའི་འཆར་སྣང་ཞིག་འོང་བཞིན་འདུག ཞར་བྱུང་དུ་བརྗོད་ན། མི་རིགས་གཞན་གྱི་ཐ་སྙད་ཚད་རན་པོའི་སྒོ་ནས་གཡར་བ་ནི་གསོན་ཤུགས་ལྡན་པའི་སྐད་ཡིག་ཅིག་ལ་གཡར་ཐུབ་པའི་ནུས་པ་ལྡན་པས་ཡིན། ལོ་རྒྱུས་ཐོག་རྒྱལ་ཁབ་དང་མི་རིགས་མང་པོའི་སྐད་ཆའི་ནང་མི་རིགས་གཞན་གྱི་བརྡ་ཆད་སྤྱོད་བཞིན་ཡོད་པ་རེད། ཡང་ང་ཚོས་བརྡ་ཆད་གསར་པ་མི་ཉུང་བ་བཀས་བཅད་བྱེད་བཞིན་ཡོད་པ་ནི་ང་ཚོའི་བོད་ཡིག་གི་ཁྱད་ཆོས་ལ་བརྡ་ཆད་གསར་པ་བཟོ་ཐུབ་པའི་ནུས་པ་ལྡན་པས་ཡིན། དེ་བཞིན་དུ་སྐད་བརྡའི་འཕོ་འགྱུར་བཞིན་དགོས་མཁོའི་དབང་གིས་ཀྱང་ཡིན་པ་ཤེས་དགོས་སོ།
གཉིས། བཀས་བཅད་ཐ་སྙད་ལ་བརྩི་སུང་བྱ་རྒྱུ་ནི་གནད་དོན་ཆེན་པོ་ཞིག་ཡིན་པ།
        སྤྱིར་ན་བཀས་བཅད་ཀྱི་ཐ་སྙད་ཀྱང་མིས་བཟོས་པ་ཞིག་ཡིན་དུས་མང་ལ་ཉུང་གི་སྐྱོན་རེ་གཉིས་ཐོན་སྲིད་པ་ཡིན་མོད། འོན་ཀྱང་དེ་རིགས་ཉུང་ཤས་ཡིན་པས་ང་ཚོས་ངེས་པར་བཀས་བཅད་ཐ་སྙད་ལ་བརྩི་སྲུང་ཞུས་ནས་ཡིག་སྒྱུར་བས་ལེགས་པར་སྤྱད་ཅིང་ཁྱབ་སྤེལ་བྱེད་དགོས་པ་ཡིན། སྔོན་དུས་ལོ་རྒྱུས་ཐོག་བོད་ཀྱི་བཀས་བཅད་དག་ལ་རྒྱལ་བློན་སྐུ་ངོ་མ་བཞུགས་ཤིང་བཀས་བཅད་བྱེད་པའི་ཚད་གཞི་དང་ཇི་ལྟར་སྤྱོད་པ། བརྡ་ཆད་གསར་པ་ཇི་ལྟར་གཏན་ལ་འབེབས་པ་སོགས་ཀྱི་ཐད་སྲུང་བྱ་ནན་པོ་ཡོད་པ་ཡིན། མཐོང་ཆེན་དེ་འདྲ་ཞིག་གནང་བའི་རྐྱེན་གྱིས་ད་ལྟའང་བརྡ་ཆད་མང་པོ་ཞིག་ང་ཚོས་སྤྱོད་མུས་ཡིན། སྐབས་དེ་དུས་ཀྱི་བཀས་བཅད་བྱ་བ་ནི་རླབས་ཆེ་བའི་སྲིད་ཀྱི་ལས་དོན་ཞིག་ལ་ངོས་བཟུང་བཞིན་ཡོད་པ་རེད། ད་ལྟའི་ཆར་དུས་དང་དུས་ཀྱི་ངོ་བོ་ལ་འགྱུར་ལྡོག་ངེས་ཅན་བྱུང་བས་ན། བཀས་བཅད་ཀྱི་ཐ་སྙད་སྤྱོད་རྒྱུར་ཁྲིམས་ཀྱི་རྒྱབ་བརྟེན་ཤུགས་ཆེན་པོ་ཞིག་མངོན་མི་ཐུབ་ལ། དེ་བས་བོད་མི་རང་གིས་ཀྱང་སྤྱོད་པ་ཞིག་མཐོང་བ་ཉི་མོའི་སྐར་མ་བཞིན་དུ་དབེན། དུས་རབས་ཀྱི་འཕོ་འགྱུར་ཤིན་ཏུ་མགྱོགས་པའི་མཚམས་འདི་ལ་བཀས་བཅད་ཀྱི་ལས་དོན་ནི་མེད་དུ་མི་རུང་བ་ཞིག་རེད། དེ་ལ་དེ་བརྟེན་གྱིས་བོད་ནང་ཁུལ་དུ་བརྡ་ཆད་གསར་པ་ཡང་མི་ཉུང་བ་ཞིག་ཐོན་ནས་བོད་ཀྱི་ཐ་སྙད་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། བོད་སྤྱི་ཡོངས་ནས་བཤད་ན་ལྗོངས་དང་ཞིང་ཆེན་ལྔ་ལྷན་དུ་བཀས་བཅད་བྱས་པའི་ཐ་སྙད་སྤྱོད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན། འོན་ཏེ་ལས་དོན་དེའི་ཁྱབ་ཁོངས་སུ་ཆེད་ལས་མཁས་པས་སོ་སོའི་ཡུལ་ལུང་ལ་ཞེན་འདང་ཞིག་གིས་ཡུལ་སྐད་ཀྱི་ལྟ་བ་མཁྲེགས་འཛིན་གྱིས་བཀས་བཅད་བྱེད་མི་རུང་བར་ཅི་ནས་ཀྱང་བྱ་དངོས་ཀྱི་ངོ་བོ་དང་གྲུབ་ཆ། ཁྱད་ཆོས། གཤིས་ནུས་སོགས་སྤྱི་ཡོངས་ལ་བསམ་གཞིགས་ཀྱིས་བོད་མིའི་སྐད་དང་བརྡ་སྤྲོད་དང་མཐུན་པའི་ཡིག་ངོས་བརྡ་ཆད་བཟོ་དགོས་པ་ཡིན། ཡང་དུ་བཀས་བཅད་ཐ་སྙད་ཅེས་པ་ནི་སྤྱིར་བཏང་བྱས་ན་གཤམ་འོག་གི་སྐད་བརྡ་ལ་བརྟག་ཅིང་མཁས་དབང་དག་གིས་ཞིབ་འཇུག་གཏན་འབེབས་ཀྱིས་སླར་ཡང་གཤམ་དུ་སྤྱོད་དུ་འཇུག་པ་ཞིག་ཡིན་དགོས་པ་ཡིན། ཤིན་ཏུ་འགངས་ཆེ་བ་ཞིག་ལ། དཔེར་ན་ཚོགས་ཆེན་བཅུ་དགུ་པའི་ནང་ཐོན་པའི་བརྡ་ཆད་ལྟ་བུ། གལ་ཏེ་ཁུལ་ག་གེ་མོ་ནས་སྔོན་དུ་བོད་སྐད་དུ་བཀས་བཅད་གནང་ཡོད་ཚེ་ལྗོངས་དང་ཞིང་ཆེན་གཞན་པས་དེའི་རྗེས་སུ་འབྲངས་ནས་སྤྱོད་དགོས་པ་ལས་ཡིན་གཅིག་གསར་བཟོ་བྱེད་མི་དགོས་པ་ཡིན། བྱ་ཐབས་འདི་ཡིས་མདོ་དབུས་ཁམས་གསུམ་སྐད་བརྡ་གཅིག་གྱུར་མིན་པའི་རྐྱེན་མང་པོ་ཞིག་ཉུང་དུ་གཏོང་ཐུབ་པ་ཡིན། གལ་ཏེ་ཐ་སྙད་འགའ་རེ་ཞིག་ལ་ཡུལ་ལུང་དང་མི་མཐུན་པའམ་གོ་བ་ལོག་པར་འགྲོ་ཉེན་ཡོད་པའི་རིགས་གསར་དུ་བཟོས་ཀྱང་ཆོག དཔེར་ན། ཐིག་ལེ་ལྟ་བུ། ཨ་མདོའི་སྐད་དུ་ཀླད་ཀོར་མཚོན་ཡང་དབུས་གཙང་དུ་ཁམས་དཀར་(精子)ལ་གོ་བ་ཡིན་པས་དེ་རིགས་གསར་དུ་བཅོས་རུང་བ་ཡིན། གང་ལྟར་མིག་སྔའི་བོད་ཀྱི་ཡིག་སྒྱུར་ལས་རིགས་སམ་ཡང་ན་སྤྱི་སྐད་ཀྱི་མ་འོངས་སོགས་ལས་དོན་མང་པོ་ཞིག་ལ་བཀས་བཅད་ཐ་སྙད་ལ་སྲུང་བརྩི་ཞུ་རྒྱུ་ནི་དུས་བབ་ཀྱི་འོས་འགན་ཆེན་པོ་ཞིག་ཡིན། དེས་ན། མི་སྒེར་དང་ཚན་པ་ཅི་རིགས་ཀྱིས་བརྡ་ཆད་གསར་པ་གང་བྱུང་དུ་བཟོ་མི་རུང་ལ་ཁུངས་ལུང་མེད་པའི་བརྡ་ཆད་དྲ་ཐོག་ཏུ་བཀྲམས་མི་རུང་བ་ཡིན། དེ་བཞིན་དུ་གལ་ཏེ་སོ་སོར་བརྡ་ཆད་འགའ་རེའི་སྒྱུར་སྟངས་ལ་དགོངས་ཚུལ་མི་འདྲ་བ་ཡོད་ཚེ། ཡིག་སྒམ་སོགས་འབྲེལ་ཡོད་ལམ་བུ་བརྒྱུད་ནས་ས་གནས་དེ་གའི་བཀས་བཅད་ཨུ་ཡོན་ལྷན་ཁང་ལ་རང་ཉིད་ཀྱི་ལྟ་བ་གྲོས་གཞིར་འབུལ་ན་ཆོག་པ་ཡིན་ནོ།

ཁམས་པ་ཞིབ་འཇུག་༢༠༡༨ལོའི་འདོན་ཐེངས་གཉིས་པ་ལས་བཏུས།