无障碍阅读 关怀版

༄༅། ། ཕྱེ་མར།

དུས་ཚོད། 2023-05-25 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཕྱེ་མར་ནི་བོད་མིས་བཀྲ་ཤིས་པའི་རྟེན་འབྲེལ་གྱི་བྱ་བ་ཚང་མའི་ནང་སྤྱོད་པའི་མཐུན་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དཔེར་ན་ལོ་གསར། ཁང་གསོལ། གཉེན་སྒྲིག་སོགས་རྟེན་འབྲེལ་གྱི་བྱེད་སྒོ་ཡོད་དགུ་མཐའ་དག་ལ་གྲོ་སོ་ཕྱེ་མར་བེད་སྤྱོད་ཀྱི་ཡོད། གྲོ་སོ་ཕྱེ་མར་བེད་སྤྱོད་གཏོང་བའི་སྲོལ་དེ་ཆགས་པ་ནས་ལོ་རྒྱུས་རིང་པོ་ཕྱིན་ཡོད་ཚོད་འདུག་བཤད་སྲོལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་དུའང་ཕྱེ་མར་བེད་སྤྱོད་གཏོང་སྲོལ་ཡོད་འདུགའོན་ཀྱང་ད་ལྟ་བེད་སྤྱོད་གཏོང་བའི་ཕྱེ་མར་ལྟ་བུའི་རྒྱས་སྤྲོས་ནི་མེད། ཕྲན་བུ་སྟབས་བདེ་ཞིག་ཡིན་ཚོད་འདུག གྲོ་སོ་ཕྱེ་མར་བེད་སྤྱོད་གཏོང་སྲོལ་དེ་ཆགས་པའི་གཙོ་བོའི་འབྱུང་རྩ་གཉིས་ཙམ་ཡོད་པ་སྟེ།གཅིག་ནི་སྲོལ་དེ་དར་བའི་བསམ་པའི་རྨང་གཞི་དེ་གང་ཡིན་དང།ཆ་རྐྱེན་གང་འདྲ་ཞིག་གིས་རྐྱེན་པས་བསམ་པའི་རྨང་གཞི་དེ་ཆགས་པ་ཡིན་ཟེར་ན་དེའང་བོན་ཆོས་ཀྱི་ཤུགས་རྐྱེན་ཐེབས་པ་ནི་ཅུང་གསལ་པོ་ཞིག་ཡིན།གང་ལགས་ཤེ་ན། སྔོན་བོན་པོ་ཚོས་ལྷ་གསོལ་བ་དང་གཡང་འགུག་པ་སོགས་ཀྱི་ཆོ་ག་བྱེད་སྐབས་ངེས་པར་དུ་ཕྱེ་མར་དགོས་ཀྱི་ཡོད་ཅིང་།ཕྱེ་མར་ནི་ཆོ་ག་བྱེད་པའི་མཐུན་རྐྱེན་མེད་དུ་མི་རུང་བ་ཞིག་ལ་བརྩི་ཡི་ཡོད། བོན་ཆོས་དར་བ་དང་ཆབས་ཅིག་ཏུ་སྲོལ་དེ་རིམ་བཞིན་དམངས་ཁྲོད་དུ་ཡང་དར་ཁྱབ་ཏུ་ཕྱིན་པ་ཡིན།གོང་གསལ་དཔེ་མཚོན་ལ་གཞིགས་ན་བོད་མིས་གྲོ་སོ་ཕྱེ་མར་སྤྱོད་སྲོལ་དར་བའི་བསམ་པའི་རྨང་གཞི་ནི་བོན་ཆོས་ཀྱི་ཤུགས་རྐྱེན་རང་ལས་བྱུང་བ་ཞིག་ཡིན། གཉིས་ནི་སྐབས་དེའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་འབྲེལ་བ་ཡོད་པ་ཞིག་ཡིན།དེ་དུས་བོད་མི་རྣམས་ཞིང་འབྲོག་གི་ལས་ཁོ་ནར་བརྟེན་ནས་འཚོ་གནས་བྱེད་དགོས་པ་ཞིག་ཡིན་སྟབས།ཞིང་འབྲོག་གི་ལས་ལ་བསྔགས་བརྗོད་དང་། ཞིང་ལས་དང་འབྲོག་ལས་ལེགས་པོ་ཡོང་བར་རྟེན་འབྲེལ་ཞུ་ཆེད་གྲོ་སོ་ཕྱེ་མར་སྒྲིག་གཤོམས་བྱེད་པ་ཡིན་ཟེར་ནའང་ཆོག་པ་ཞིག་ཡིན།དེ་ཡང་ཕྱེ་མར་ཞེས་པའི་ཐ་སྙད་དེའི་ཐོག་ནས་གསལ་བཤད་ཐུབ་ཀྱི་ཡོད་དེ།ཕྱེ་ཞེས་པ་དེ་ནི་ཞིབ་མོར་བཏགས་པའི་དངོས་རྫས་རྩམ་པར་གོ་དགོས། མར་ནི་འབྲོག་ལས་ཐོན་ཟོག་གི་སྙིང་པོ་དེ་ཡིན། གྲོ་སོ་ཕྱེ་མར་སྒྲིག་གཤོམས་བྱེད་སྐབས་འབོ་ཡ་གཅིག་གི་ནང་གྲོའམ་གྲོ་ཡོས་ཀྱིས་བཀང་དགོས། དེ་ལྟར་བྱེད་དགོས་དོན་ནི་གྲོ་ཞེས་པའི་མིང་ཚིག་དེའི་ཐོག་ནས་ཁ་དྲོ་བའི་དོ་སྟོན་པར་རྟེན་གྲོས་བཀང་བ་ཡིན།འབོ་ཡ་གཅིག་གི་ནང་རྩམ་པ་བཀང་བ་དེས་ཞིང་ལས་དང་དེའི་ཐོག་མར་སྒྲོན་པ་དེ་ནི་འབྲོག་ལས་ཐོན་སྐྱེད་ཀྱི་མཚོན་རྟགས་ཞིག་ཡིན།གྲོ་སོ་ཕྱེ་མར་གྱི་གྲུབ་ཆའི་དངོས་རྫས་ཀྱི་ཐོག་ནས་དར་སྲོལ་དེ་ནི་ཞིང་འབྲོག་ཐོན་སྐྱེད་དང་འབྲེལ་བ་གཏིང་ཟབ་ཡོད་པ་གསལ་པོར་མཐོང་ཐུབ།

ནས་ཆང་བོད་དབྱངས་དམངས་སྲོལ་ལེ་ཚན༽