无障碍阅读 关怀版

༄༅། ། ཆར་བ།

དུས་ཚོད། 2017-06-13 རྩོམ་པ་པོ རྩོམ་སྒྲིག སྐྱིད་ལུས།

ཆར་བ་ཟམ་ཟིམ་དུ་བབས་པས།

ས་སྲོད་ཀྱི་ནམ་མཁའ་རེ་ཞིག་གསལ་བར་གྱུར།

བབས་མ་ཐག་པའམ་བབས་ནས་ཡུན་རིང་འགོར་བ་ཆ་མ་འཚལ་མོད།

ཆར་བ་བབས་པ་ནི་ཕྱིར་དྲན་གྱི་གོ་སྐབས་འབའ་ཞིག་གོ།

ཤག་ཤག་ཏུ་འབབ་པའི་སྒྲ་ལ་ཉན་ན།

ལས་དང་རླུང་རྟ་དར་དུས་ཤིག་དྲན་འོངས་ཏེ།

མིང་ལ་རྒྱ་སེར་འབོད་པའི་མེ་ཏོག་དེས།

དམར་པོའི་ནང་ནས་ཆེས་མཚར་བའི་ཚོན་མདངས་ངོམ་མྱོང་།

ཆར་བ་དེས་ཤེལ་གྱི་དྲ་མ་རབ་རིབ་ཏུ་བསྒྲིབས་ཤིང་།

འཇིག་རྟེན་འདི་ཉིད་མཐའ་དབུས་མེད་པར་བྱས།

ཡལ་གར་འཁྲིལ་བའི་རྒུན་འབྲུམ་དག་ཀྱང་རེས་འགར་གསལ་ལ་རེས་འགར་མོག་པོར་བསྒྱུར།

སྒོ་ར་མི་སྣང་བར་གྱུར་སོང་།

ཆར་བས་བརླན་པའི་ས་སྲོད་ཀྱིས་བདག་ལ་པྰ་ལགས་ཀྱི་བརྩེ་བའི་སྐད་སྒྲ་ཁྱེར་ཡོང་།

ཁོང་ཕྱིར་ཕེབས་བྱུང་། ཁོང་སྐུ་གཤེགས་མི་འདུག

བྷོར་ཧེ་ཞི་ཡིས་བརྩམས། ཨ་རྒྱིན་ཐིན་སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་༢༠༡༡ལོའི་བསྒྱུར་རྩོམ་ཞེས་པ་ལས་བཏུས།