无障碍阅读 关怀版

༄༅།། ཁྱོད་ཀྱིས་འཐུང་བ་ནི་སྐོམ་ཆུ་མ་ཡིན་དམ་བེ་ཡིན།

དུས་ཚོད། 2018-02-26 རྩོམ་པ་པོ ཡུ་སི་ཧྥུ་ཧ་ལེན་ནན། རྩོམ་སྒྲིག སྐྱིད་ལུས།

ང་ཚོ་ཚང་མས་ཤེས་གསལ་ལྟར་རིན་གོང་མཐོ་བའི་དངོས་པོ་དེ་རིན་གོང་དམའ་བའི་དངོས་པོ་ལས་སྤུས་ཚད་ཡག་པའི་ངེས་པ་མེད།འོན་ཀྱང་། སེམས་གཏིང་དུ་གོང་ཚད་ཀྱིས་ང་ཚོའི་འདུ་ཤེས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱིན་ཡོད།

རྒུན་ཆང་ཨ་རག་ལ་དཔེ་ཞིག་བཞག་ནས་བརྗོད། ཞིབ་འཇུག་མི་སྣ་དང་བླངས་པ་མི་༢༠གདན་འདྲེན་གྱིས་རྒུན་ཆང་ཨ་རག་རིགས་མི་འདྲ་བ་ལྔའི་རོ་བཅུད་མྱོང་ནས་གདེང་འཇོག་བྱེད་དུ་བཅུག་པ་རེད། རྒུན་ཆང་ཨ་རག་ལྔ་པོ་དེ་དག་སོ་སོར་གོང་ཚད་སྒོར་ལྔ་དང་། སྒོར་བཅུ། སྒོར་སོ་ལྔ། སྒོར་ཞེ་ལྔ། སྒོར་དགུ་བཅུ་བཅས་སྦྱར་ཡོད་པ་རེད།དང་བླངས་པ་དེ་དག་ཆང་མྱོང་ཆེད་མཁས་མ་ཡིན།དྲོ་བ་མྱང་རྗེས། ཁོ་ཚོ་ཚང་མས་གོང་ཚད་མཐོ་ཤོས་ཀྱི་ཨ་རག་དེ་བྲོ་བ་ཆེ་བའི་འདོད་ཚུལ་བཏོན།

དོན་དངོས་ཐོགསྒོར་དགུ་བཅུ་སྦྱར་བའི་ཨ་རག་དེ་ཐེངས་གཉིས་སུ་བཏོན་ཞིང་། ཐེངས་གཅིག་ལ་སྒོར་དགུ་བཅུ་སྦྱར་བ་དང་ཐེངས་གཅིག་ལ་སྒོར་བཅུ་སྦྱར་བ་རེད།གོང་ཚད་དངོས་སྒོར་ཞེ་ལྔ་ཡིན་པའི་ཨ་རག་དེ་ཡང་ཐེངས་གཉིས་སུ་བཏོན་ཞིང་། ཐེངས་གཅིག་ལ་སྒོར་ཞེ་ལྔ་དང་སྒོར་ལྔ་སྦྱར་བ་རེད། དེ་ནས། མྱོང་མཁན་ཚང་མས་ཤེས་མོད།ཁོ་ཚོ་གོང་ཚད་མཐོ་བའི་ཤེལ་དམ་དེར་ལྷག་པར་དགའ་པོ་བྱེད། ཆང་འཐུང་ཚོས་གོང་ཚད་མཐོ་བའི་ཨ་རག་འཐུང་སྐབས། ཁོ་ཚོའི་སེམས་ལ་དགའ་སྤྲོ་སྣང་བས་ཁེངས་བཞིན་ཡོད།

ང་ཚོས་སྨན་གྱི་ནུས་པར་གདེང་འཇོག་བྱེད་པ་ཡང་འདི་དང་གཅིག་མཚུངས་རེད།དཔེར་ན། ནུས་པ་འབྲིང་ཙམ་གྱི་སྨན་སྣ་གཉིས་ལ་ན་གཟེར་འགོག་པའི་ནུས་པ་གཅིག་ཀྱང་མེད། སྨན་རྫས་དེ་གཉིས་ལས་གཅིག་བེད་སྤྱོད་མཁན་གྱི་ནད་པར་འདི་ནི་གསར་དུ་ཐོན་པའི་སྨན་ཞིག་རེད།ན་གཟེར་གཅོག་པའི་ཕན་ནུས་ཆེན་པོ་ལྡན་པས་སྒོར་ལྔ་བཅུ་ཐམ་པ་རེད་ཅེས་བཤད་སྐབས། མི་བརྒྱ་ཆ་༨༠ཡན་གྱིས་ནད་པའི་ན་གཟེར་འཇོག་པར་ཕན་ནུས་ཆེན་པོ་བྱུང་ཞེས་བརྗོད་པ་ཡིན། སྨན་ག།ཞན་པ་བེད་སྤྱོད་པས་ཁོ་ཚོས་བཏུང་བའི་སྨན་རེར་སྒོར་གཉིས་ལས་མི་དགོས་པ་ཤེས་ཚེ། མི་བརྒྱ་ཆ་༦༡ཙམ་གྱིས་ནད་པའི་ན་གཟེར་འཇོག་པར་ཕན་ནུས་ལྡན་པར་ངོས་འཛིན་བྱེད་པའི་མཇུག་འབྲས་བྱུང་བ་རེད།

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་༢༠༡༡ལོའི་ལོ་ཙྰ་གླིང་ཞེས་པའི་དུས་དེབ་དང་པོ་ལས་བཏུས།