无障碍阅读 关怀版

འུག་པའི་སྐྱོ་སྡུག

དུས་ཚོད། 2018-04-25 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

            མི་རྣམས་ཀྱིས་འུག་པ་མཐོང་བས་ན་འདྲེ་བྱ་ཐན་བྱ་ཞེས་དམོད་བོར་པས།འུག་པའི་སེམས་སྐྱོ་གདུང་གིས་མནར་བ་དང་།བདག་གིས་མཚན་གང་བོར་མིག་མ་བཙུམ་པར་ཞིང་ནང་གི་བྱི་བ་བཟུང་ནས་གནོད་འཚེ་འགོག་ཐབས་བྱས་ཀྱང་།མི་རྣམས་ཀྱིས་བདག་གདོན་འདྲེ་ལྟ་བུ་ལ་བརྩི་བ་ནི་ཤིན་ཏུ་མི་འོས་སུ་སྙམ་པ་དང་དེའི་རྒྱུ་མཚན་ཅི་ཡིན་རྩད་གཅོད་པར་ཕྱིན་ནོ།དང་པོ་རྨ་བྱའི་དྲུང་དུ་ཕེབས་ཏེ།ང་རང་མི་རྣམས་ཀྱིས་མཐོང་མི་ཉན་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པར།རྨ་བྱས་འུག་པ་ལ།ཁྱོད་ལ་ཁ་དོག་སྣ་ལྔ་བཀྲ་བའི་སྒྲོ་མཛེས་པོ་ཞིག་མེད་པས་རེད་ཟེར་རོ།དེ་ནས་འུག་པ་ནེ་ཙོའི་གམ་དུ་སོང་ནས་སྔར་བཞིན་རྒྱུ་མཚན་དྲིས་པས།ནེ་ཙོས་འུག་པ་ལ།ཁྱོད་ལ་ཚིག་སྙན་ཁ་ཡག་བརྗོད་པའི་མཆུ་ཏོ་མེད་པས་རེད་ཟེར་རོ།འུག་པས་བསམ་བློ་ནན་མོ་ཞིག་བཏང་རྗེས།གཞི་ནས་སྤྱིར་མི་རྣམས་ནི་ཕལ་ཆེར་མིག་ལ་མཛེས་པའི་ཕྱི་ངོས་དང་རྣ་བར་སྙན་པའི་ངོ་བསྟོད་ཀྱི་ཚིག་ལ་ཤིན་ཏུ་དགའ་བས་བླང་དོར་ལ་རྨོངས་འདུག་པ་རྟོགས་སོ།

ཕྱི་རྒྱལ་གྱི་དམངས་ཁྲོད་གཏམ་རྒྱུད་བདམས་སྒྲིག་ལས་ཚན་བཤུས་བྱས།