༄༅། ། ཐང་གི་སྙན་ངག་བོད་འགྱུར་བརྒྱད།
绝句
杜甫(唐代)
两个黄鹂鸣翠柳,
一行白鹭上青天。
窗含西岭千秋雪,
门泊东吴万里船。
སྙན་ངག་ཚིག་བཞི་མ།
ཏུའུ་ཧྥུ། (ཐང་རྒྱལ་རབས )
རྒྱ་ལྕང་སྟེང་དུ་རི་སྐྱེགས་ཆ་གཅིག་སྙན་པོའི་གསུང་སྐད་སྒྲོག་ནས་འདུག།
ཨ་སྔོན་དགུང་དུ་སྐྱ་མོ་སྟར་སྒྲིག་གཤོག་རྩལ་ངོམས་ནས་འཕུར་བཞིན་འདུག།
སྐལ་པ་སྟོང་གི་ཞི་ལིང་གངས་རི་རབ་གསལ་མཐོངས་ནས་ལྷག་ཏུ་གསལ།།
སྒོ་ཁའི་གྲུ་ཁར་ཚུགས་ནས་འདུག་པ་རིང་པོ་ཏུང་ཝུའུ་ཡུལ་གྱི་གྲུ།།
江雪
柳宗元 (唐代)
千山鸟飞绝,
万径人踪灭.
孤舟蓑笠翁,
独钓寒江雪
གཙང་སྟེང་གི་ཁ་བ།
ལིའུ་ཙུང་ཡོན། (ཐང་རྒྱལ་རབས)
རི་ཁམས་ཡོངས་ལ་འཕུར་སྐྱོད་བྱ་བྱེའུ་དབེན།།
ལམ་བུའི་གཞུང་ལ་འགྲོ་འོང་བཞུད་མི་ཟད།།
གྲོགས་མེད་གྲུ་ཐོག་ཉ་པ་རྒས་པོ་ཡིས།།
ཁ་བ་འཁྱགས་རུམ་ཁྲོད་དུ་ཉ་མོ་འཛིན།།
早发白帝城
李白 (唐代)
朝辞白帝彩云间,
千里江陵一日还。
两岸猿声啼不住,
轻舟已过万重山。
ཞོགས་པ་པའེ་ཏི་གྲོང་ནས་རྡོག་ཐོན་བྱས།
ལི་པེ། (ཐང་རྒྱལ་རབས )
ནངས་མོ་མཐོ་པོའི་པའེ་ཏི་གྲོང་ལས་གྱེས།།
ལེ་དབར་སྟོང་གི་ཅང་ལིང་ཉིན་ཡུན་གཅིག།
ཆུ་ངོགས་གཉིས་ཀྱི་སྤྲེའུ་སྐད་ལྷང་ལྷང་ཁྲོད།།
ཁོ་བོའི་གྲུ་ཆུང་རི་གསེབ་ཡུད་དུ་སྒྲོལ།།
怨情
李白 (唐代)
美人卷珠帘,
深坐颦蛾眉。
但见泪痕湿,
不知心恨谁。
འཁང་སེམས།
ལི་པེ། (ཐང་རྒྱལ་རབས)
མཛེས་མས་མལ་ཡོལ་འདྲིལ་བཞིན་སུ་ལ་སྒུག།
གང་དེར་བཙོག་པུར་ཡིད་མུག་སྨིན་མ་འདུས།།
བཞིན་གྱི་མཁུར་མགོ་མཆི་མས་བརླན་པ་དེ།།
ཁྲོ་སྡང་འཁང་སེམས་ཡང་སྙིང་སུ་ལ་བཅངས།།
游子吟
孟郊 (唐代)
慈母手中线,游子身上衣。
临行密密缝,意恐迟迟归。
谁言寸草心,报得三春晖。
བྱེས་པའི་སྙན་ངག
མེང་ཅའོ། (ཐང་རྒྱལ་རབས)
ཡུམ་གྱི་ཕྱག་ཐོགས་འཚེམ་ཁབ་ཀྱིས།། རྒྱང་བཞུད་བུ་ལ་གྱོན་པ་ལས།།
བུ་ཆུང་འཁོར་བ་འགྱངས་སྙམ་ནས།། འགྲོ་ཁར་འཚེམ་བུས་ཡང་ཡང་གླན།
ཨེ་མ་བདག་གི་བློ་ཆུང་འདིས།། ཟབ་པའི་དྲིན་གསོ་ཨེ་ཐུབ་ཅི།།
绝句
杜甫 (唐代)
迟日江山丽,
春风花草香。
泥融飞燕子,
沙暖睡鸳鸯。
སྙན་ངག་ཚིག་བཞི་མ།
ཏུའུ་ཧྥུ། (ཐང་རྒྱལ་རབས
)
དཔྱིད་དཔལ་བཞད་པས་རི་ཀླུང་ལྷག་ཏུ་མཛེས།།
རྩི་ཤིང་མེ་ཏོག་དྲི་བསུང་རླུང་དང་འགྲོགས།།
འདམ་ས་མཆུ་ཐོགས་ཁུག་རྟ་ཚང་ལ་བྲེལ།།
ངུར་བ་ཁྱོ་ཤུག་བྱེ་ཐང་དྲོ་མོར་ཉལ།།
枫桥夜泊/夜泊枫江
张继 (唐代)
月落乌啼霜满天,
江枫渔火对愁眠。
姑苏城外寒山寺,
夜半钟声到客船。
མཚན་མོ་གྲུ་ཤན་ཧྥུང་ཆའོ་ཟམ་ངོགས་སུ་འཇོག་པ།
ཀྲང་ཅེ། (ཐང་རྒྱལ་རབས)
སྲོས་ཀྱི་མཁའ་ལ་བ་མོས་བཀླུབས་ཤིང་ཟླ་འོད་བཞུད་དང་ཕོ་རོག་སྒྲོག།
བདག་ནི་ཧྥུང་ཤིང་གྲུ་སྒྲོན་ལྷན་དུ་ཡིད་མུག་གདུང་བས་གཉིད་ཀྱང་བརླག།།
ཀུ་སུའི་གྲོང་གི་ལྕགས་རིའི་ཕྱི་ནས་ཧན་ཧྲན་དགོན་གྱི་ཅོང་སྒྲ་དེ།།
ནམ་དགུང་མཚན་མོའི་མཁའ་དབྱིངས་མཐོངས་ནས་བདག་གི་གྲུ་སར་ལྷང་ལྷང་ཐོས།།
春望
杜甫 (唐代)
国破山河在,
城春草木深。
感时花溅泪,
恨别鸟惊心。
དཔྱིད་ཀྱི་རེ་སྒུག
ཏུའུ་ཧྥུ། (ཐང་རྒྱལ་རབས )
རྒྱལ་ས་དགྲ་བོས་ཕམ་ཏུ་བཅུག་ཅིང་གནས་པ་སྔར་གྱི་རི་ཀླུང་ཙམ།།
སྐྱོ་པོའི་དཔྱིད་ཀྱི་ཁྲང་ཨན་གྲོང་དུ་རྩྭ་ཡན་ལྡུམ་བུས་ས་གཞི་ཁེངས།།
སྐྱོ་བའི་ནམ་ཟླར་མེ་ཏོག་གིས་ཀྱང་རྒྱལ་དོན་བསམ་བཞིན་མཆི་མ་ཤོར།།
གདུང་བའི་དུས་སུ་བྱེའུ་སྐད་སྙན་མོ་ལྷག་ཏུ་སྐྱོ་བའི་གཙེར་སྒྲ་ཙམ།།