无障碍阅读 关怀版

༄༅། །བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ་གྱི་སྐོར་བཤད་པ།

དུས་ཚོད། 2017-06-13 རྩོམ་པ་པོ རྩོམ་སྒྲིག སྐྱིད་ལུས།

བྱ་བྱེད་ལས་གསུམ།

ལས་གང་ཞིག་ལ་ཞེས་པས་བྱ་བྱེད་ལས་གསུམ་གྱི་ལས་སམ་བྱ་བ་དངོས་སུ་འཇུག་པའི་གཞི་བསྟན་པ། བྱེད་པ་པོ་ཞེས་པས་བྱ་བྱེད་ལས་གསུམ་གྱི་བྱེད་བསྟན་པ།གཞན་དང་དངོས་སུ་འབྲེལ་བ་ཡི་ཞེས་པས་བྱ་བྱེད་ལས་གསུམ་གྱི་བྱ་བ་སྟེ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བསྟན་པ་ཡིན།།

དེ་ཡང་བྱ་བྱེད་ངོ་བོ་ཐ་དད་པ། དཔེར་ན། ང་ཡིས་ཤོག་བུའི་ཐོག་ཏུ་ཡི་གེ་བྲིས་ལྟ་བུར་ཆ་མཚོན་ན། ཤོག་བུ་ནི་བྱ་བ་བྱེད་སའི་གཞིའམ་ཡུལ་དང་། ཡི་གེ་ནི་འབྲི་རྒྱུའི་ལས་ཀྱི་དངོས་པོ་ལས། ང་ནི་བྱེད་པ་པོ་དང་ཤུགས་ཀྱིས་མཚོན་པ། འབྲི་བྱེད་ཀྱི་རྩོལ་བ་དང་ལག་པ་སོགས་བྱེད་པ། བྲིས་པ་ནི་སྐབས་དེར་བྱས་པའི་བྱ་བ་དངོས་ཡིན།

༢ བདག་གཞན་དབྱེ་ཚུལ།

……བྱེད་པོ་དང་།།

དེ་ཡི་བྱེད་པ་གཉིས་པོ་ནི།།

དངོས་པོ་བདག་ཡིན་བྱ་ཡུལ་དང་།།

བྱ་བ་གཉིས་པོ་དངོས་པོ་གཞན།།

ཞེས་པ་ལྟར་བྱ་བ་དངོས་སུ་འཇུག་པའི་གཞི་ལས་ཀྱི་དངོས་པོ་དང་བྱ་བ་དེའི་བྱེད་པ་པོ་གཉིས་ངོ་བོ་ཐ་དད་པའི་བྱེད་པ་པོ་དེར་བདག་དང་། དེའི་བྱེད་པ་བྱེད་ལས་སུ་གཏོགས་པའི་སྐུལ་ཚིག་བཅས་བདག་བྱེད་པའི་ཁོངས་སུ་འཇོག་ཅིང་། བྱ་བ་དངོས་སུ་འཇུག་པའི་གཞིའམ་ཡུལ་དེ་དང་། དེའི་སྟེང་དུ་འཇོག་རྒྱུའི་བྱ་ལས་འདས་མ་འོངས་ཀྱི་བྱ་བ་གཉིས་བཅས་དངོས་པོ་གཞན་ལ་འཇོག་པ་དཔེར་ན། ཞིང་ལ་ས་བོན་བཏབ་ལྟ་བུར་ཆ་མཚོན་ན། ས་བོན་འདེབས་མཁན་བྱེད་པ་པོ་བདག་དང་། དེའི་བྱེད་པ་སྟེ་འདེབས་བྱེད་ཀྱི་རྩོལ་བ་འདེབས་པར་བྱེད་པ་དང་། བྱེད་ལས། བྱེད་ལས་སུ་གཏོགས་པའི་སྐུལ་ཚིག་བཅས་བྱེད་པར་གཏོགས་ཤིང་། གདབ་བྱའི་ལས་ཀྱི་དངོས་པོ་ས་བོན་དང་། གདབ་པར་བྱ་བ་བྱ་ལས་མ་འོངས་པ།བཏབ་ཟིན་པ་བྱ་ལས་འདས་པ་བཅས་ནི་བདག་གཞན་གཉིས་ལས་གཞན་བྱ་བའི་གཞིའི་ཁོངས་སུ་གཏོགས་པ་ཡིན་ནོ།

འདིར་འགའ་ཤས་ཀྱིས་ས་བོན་གང་དུ་འདེབས་ཡུལ་ཞིང་ཁ་དེ་ལས་སུ་འདོད་པ་དེ་ལྟར་ན་བདག་འགྲོ་ལྟ་བུ་ལ་འགྲོ་སའི་ལམ་དེ་ལས་སུ་འཇོག་དགོས་པས་འདི་ལའང་བདག་གཞན་ཕྱེ་ན་བཞད་གད་ཀྱི་གནས་སོ།

མདོར་ན་བྱ་བྱེད་ངོ་བོ་ཐ་དད་པ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་ཚིག་གི་སྟེང་ནས་བྱེད་པ་པོ་དང་འབྲེལ་བ་ལ་བདག་དང་། བྱ་བའི་གཞི་དང་འབྲེལ་བ་ལ་གཞན་དུ་བཞག་པས།ཤིང་གཅོད་ལྟ་བུར་མཚོན་ན། གཅོད་པ་པོ། གཅོད་བྱེད། གཅོད་པར་བྱེད། གཅོད་དོ། གཅད་བྱ། གཅད་པར་བྱ།གཅད་བྱའི་ཤིང་བཅད་པ། བཅད་དོ། བཅད་པར་བྱས་ལྟ་བུའི་བྱ་ཚིག་ས་སོའི་བདག་གཞན་གྱི་ཁྱད་པར་འབྱེད་ཤེས་པར་བྱའོ།

༣ དུས་གསུམ་གྱི་དབྱེ་ཚུལ།

དེ་བཞིན་བྱེད་པ་པོ་གཞན་དང་།།

དངོས་སུ་འབྲེལ་མིན་ཇི་ལྟར་ཡང་།།

བྱ་བ་བྱས་ཟིན་འདས་པ་དང་།།

བྱ་བ་བྱེད་རྒྱུར་མ་འོངས་པ།།

བྱེད་བཞིན་པ་ནི་ད་ལྟ་བ།།

ཞེས་པ་ལྟར་གོང་དུ་བྱ་ཚིག་ལ་བདག་གཞན་དུ་དབྱེ་བ་དེ་བཞིན་དུ་བྱ་ཚིག་ལ་དུས་གསུམ་གྱི་ཁྱད་པར་དབྱེ་དགོས།དེ་ཡང་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་རུང་མ་འབྲེལ་རུང་བྱ་བ་གང་བྱས་ཟིན་དུ་སྟོན་པའི་ཚིག་ལ་འདས་ཚིག་དང་། བྱ་བ་བྱེད་རྒྱུ་སྟོན་པའི་ཚིག་ལ་མ་འོངས་པའི་ཚིགབྱ་བ་གང་བྱེད་བཞིན་དུ་སྟོན་པའི་ཚིག་ལ་ད་ལྟ་བ་ཞེས་བརྗོད་བྱའི་སྒོ་ནས་བཏགས་པ་དཔེར་ན།

བཀགབཏང་། བཅད་ལྟ་བུ་འདས་ཚིག་དང་།དགག གཏང་།གཅད་ལྟ་བུ་མ་འོངས་པ།  འགོགགཏོང་།གཅོད་ལྟ་བུ་ད་ལྟ་བ།ཁོག   ཐོངས།ཆོད་ལྟ་བུ།སྐུལ་ཚིག་མ་འོངས་པ་ཞེས་ཕྱེ་བ་ཡིན་པས།གཞགའཇོག   བཞག   ཞོགབསྒྲུབ། བསྒྲུབས། སྒྲུབས།འགྲུབ།གྲུབ་སོགས་ལའང་དུས་ཀྱི་ཁྱད་པར་འབྱེད་ཤེས་པར་བྱའོ།  

སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་སུམ་རྟགས་འགྲེལ་པ་ཞེས་པའི་དཔེ་དེབ་ལས་ཚན་བཤུས་བྱས།