༄༅། ། དགག་སྒྲ་ལས་བྱ་བ་དགག་པ་བཤད་པ།
མ་མི་མིན་མེད་དགག་སྒྲ་སྟེ།།
མ་མི་གཉིས་ནི་ཐོག་མ་དང་།།
མིན་མེད་གཉིས་པོ་རྗེས་སུ་སྦྱོར།།
མིན་ལ་མ་ཡིན་མ་རེད་དང་།།
མེད་ལ་མི་འདུག་མི་སྣང་དང་།།
མི་གདའ་མི་མངའ་ཞེས་ཀྱང་བྱ།།
མ་མི་མིན་མེད་རྣམས་ཐ་སྙད་གང་གི་ཐོག་མའམ་རྗེས་སུ་སྦྱར་ཚེ། སྦྱར་ཡུལ་གྱི་དོན་དེ་མེད་པའམ་མ་ཡིན་པར་སྟོན་པས་དགག་སྒྲ་ཞེས་བྱའོ། དགག་སྒྲ་ལས་བྱ་བ་དགག་པ་བརྗོད་པ།
བྱ་བ་བྱས་ཟིན་པའམ་བྱུང་ཟིན་པ། བྱེད་བཞིན་པའམ་འབྱུང་བཞིན་པ་དང་། བྱེད་འགྱུར་རམ་འབྱུང་འགྱུར་འགོག་པ་ལས།
མ་ནི་འདས་པ་དང་སྐུལ་ཚིག་གཉིས་ལ་འཇུག་པ། དཔེར་ན། དེ་ང་མ་རེད། ཁྱི་མ་བརྡུང་ཨའ།
མི་ནི་ད་ལྟ་བ་ལ་འཇུག་པ། དཔེར་ན། དུ་བ་མི་འཐེན། ཆང་མི་འཐུང་ལྟ་བུ།
མིན་ནི་འདས་པ་དང་མ་འོངས་པ་གཉིས་ལ་འཇུག་པ། དཔེར་ན། ངས་ཉོས་པ་མིན། ང་དེ་རིང་འགྲོ་རྒྱུ་མིན།
མེད་ནི་དུས་གསུམ་གང་ལའང་འཇུག་པ་སྟེ། སུས་ཀྱང་བལྟས་མེད། བྱེད་ཀྱི་མེད། བསྐུར་རྒྱུ་མེད།