དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།
ཆོས་ཀུན་ཅི་འདྲ་ཤེས་འདོད་ན།།
དགེ་བའི་བཤེས་གཉེན་བཙལ་བར་གྱིས།
ལེགས་པ་ཐམས་ཅད་སྟོན་པའི་ཕྱིར།།
དགེ་བའི་བཤེས་གཉེན་ཕ་དང་འདྲ།།
ཉེས་པ་ཀུན་ལས་སྐྱོབ་པའི་ཕྱིར།།
དགེ་བའི་བཤེས་གཉེན་མ་དང་འདྲ།
ཡང་དག་ལམ་ནི་སྟོན་པའི་ཕྱིར།།
དགེ་བའི་བཤེས་གཉེན་ལམ་མཁན་འདྲ།།
ལེགས་པ་ཐམས་ཅད་སྐྱེད་པའི་ཕྱིར།།
དགེ་བའི་བཤེས་གཉེན་དབྱར་དང་འདྲ།།
ཉོན་མོངས་འདམ་ལས་འབྱིན་པའི་ཕྱིར།།
དགེ་བའི་བཤེས་གཉེན་དཔའ་བོ་འདྲ།།
དེ་བས་དགེ་བའི་བཤེས་གཉེན་ལས།།
དམ་ཆོས་རིན་ཆེན་མཉན་པར་བྱོས།།
ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་འཁོར་བའི་ཚུལ་བསྟན་པའི་ཤོག་དྲིལP.T.0024V(34-40)ལས།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།