无障碍阅读 关怀版

བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ངོ་སྤྲོད་མདོར་བསྡུས།

དུས་ཚོད། 2023-02-19 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།


བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགསནི་1993ལོར་བཙུགས་ཤིང་། དེ་ཡང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་། བོད་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུད། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས། བོད་ལྗོངས་སློབ་ཆེན། བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། བོད་རང་སྐྱོང་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་སོགས་འབྲེལ་ཡོད་ཡིག་སྒྱུར་ལས་དོན་སྡེ་ཚན་དང་དེ་བཞིན་ལོ་ཙཱ་བ་ལས་གྲུབ་པའི་རིག་གཞུང་རང་བཞིན་དང་ལས་རིགས་རང་བཞིན་གྱི་ཁེ་གཉེར་མིན་པའི་སྤྱི་ཚོགས་ཚོགས་པའི་རྩ་འཛུགས་ཤིག་ཡིན། འདིའི་ལས་སྒོའི་དོ་དམ་སྡེ་ཚན་ནི་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཡིན་པ་དང་། དེ་ནི་ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་ཁོངས་ཚན་པ་ཡིན། མིག་སྔར་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ལ་ཚོགས་ཁོངས་ཚན་པ་60དང་། ཚོགས་མི་117ཡོད། དེ་བཞིན་བོད་ལྗོངས་སུ་ལྷ་ས་དང་། གཞིས་རྩེ། ནག་ཆུ་སོགས་གྲོང་ཁྱེར་དུ་གྲོང་ཁྱེར་རིམ་པའི་ལོ་ཙཱ་བའི་མཐུན་ཚོགས་བཙུགས་ཡོད།

མིག་སྔར་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་འགོ་ཁྲིད་སྒྲིག་གཞི་ནི་ཚོགས་གཙོ(མི་1)དང་། ཚོགས་གཙོ་གཞོན་པ(མི་15) དྲུང་ཆེ(མི་1) དྲུང་ཆེ་གཞོན་པ(མི་6)བཅས་ལས་གྲུབ་ཡོད་པ་སྟེ།

ཚོགས་གཙོ།    ནོར་བུ།

ཚོགས་གཙོ་གཞོན་པ།  ཆོས་དར། ཚེ་རིང་གཡུ་སྒྲོན(བུད་མེད) རྡོ་རྗེ་ཚེ་རིང་།བཀྲ་ཤིས་དཔལ་ལྡན།ཆོས་གྲགས།པད་མ་ཚེ་རིང་།ལིའུ་ཧྲུའུ་སེན། འཇམ་དབྱངས་མཆོག་རྒྱལལྷག་ཆུང་།དོན་གྲུབ།རྐང་བཙུགས།ཀྲང་ཅན་ཧྭ། སྐལ་བཟང་ཡོན་ཏན།ཚེ་བརྟན་བཀྲ་ཤིས།ཚེ་དབང་རིག་འཛིན།

དྲུང་ཆེ།  ཚེ་རིང་གཡུ་སྒྲོན(བུད་མེད)(འགན་གཅིག་ལྕོགས)

དྲུང་ཆེ་གཞོན་པ། ཁྲང་ཧྥུ་ལེང་། ཡེ་ཤེས་བཟང་པོ། དུགས་དཀར་ཚེ་རིང་། བསམ་གཏན། ཤའོ་ཧང་། བདེ་སྐྱིད་ཆོས་སྒྲོན(བུད་མེད)

བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་མངའ་འོག་ཏུ་གཞུང་ལས་ཁང་བཙུགས་ཡོད་པ་དེ་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)རྩོམ་སྒྱུར་ཁྲུའུ་རུ་ཡོད།

བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་འགན་འཁྲི་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་། ལྗོངས་ཡོངས་ཀྱི་ཡིག་སྒྱུར་ལས་དོན་པར་མཐུན་སྒྲིལ་བྱས་ཐོག ཡིག་སྒྱུར་ལས་རིགས་དབར་འབྲེལ་བ་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡིག་སྒྱུར་བྱ་གཞག་དར་རྒྱས་དང་གོང་འཕེལ་གཏོང་བ། མཐུན་ཚོགས་འདི་གའི་ཚོགས་མི་སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཡིག་སྒྱུར་གྱི་རིག་གཞུང་སྤེལ་རེས་བྱེད་སྒོའི་ནང་ཞུགས་པ། སྲིད་གཞུང་གི་སྡེ་ཚན་དང་། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་མངགས་བཅོལ་བྱས་པའི་ཕྱི་རྒྱལ་གྱི་སྐད་ཡིག(དབྱིན་ཇི་དང་། འཇར་མན། ཧྥ་རན་སི། ལྗར་པན། ཧན་གོ ནེ་པ་ལ་སོགས)ཚུད་པའི་ཡིག་སྒྱུར་ལས་སྒོ་གཉེར་འགན་འཁུར་བ། ཡིག་སྒྱུར་དང་འབྲེལ་བ་ཡོད་པའི་ཞབས་ཞུ་དང་། བློ་འདྲི། གསོ་སྦྱོང་སོགས་ལས་དོན་སྤེལ་ཏེ་ཡིག་སྒྱུར་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཡིག་སྒྱུར་བརྩམས་ཆོས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་བཙུགས་ནས་རང་ལྗོངས་ཀྱི་ཕུལ་བྱུང་ཡིག་སྒྱུར་བརྩམས་ཆོས་དཔྱད་འདེམས་དང་དེར་བྱ་དགའ་སྤྲོད་པ། མཐུན་ཚོགས་འདི་གའི་ནུས་པ་གཅིག་སྒྲིལ་བྱས་ནས་ཚོགས་མིའི་ཚན་པ་དང་ལས་འཛིན་པ་སྒྲིག་འཛུགས་ཀྱིས་བག་ཆགས་ཆེ་བའི་བརྩམས་ཆོས་ཡིག་སྒྱུར་བྱེད་པ། ལས་རིགས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱས་ནས་ལས་རིགས་རང་གཅུན་ལ་ཤུགས་སྣོན་རྒྱག་པ་དང་ལས་རིགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཡིག་སྒྱུར་ལས་དོན་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་ཡིན།

མཐུན་ཚོགས་བཙུགས་པ་ནས་བཟུང་སྔ་རྗེས་སུ་རྒྱལ་ཡོངས་རང་བཞིན་དང་ས་ཁོངས་རང་བཞིན་གྱི་རིག་གཞུང་སྤེལ་རེས་ཚོགས་འདུ་ཐེངས་མང་འཚོགས་པ་དང་། ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་བྱེད་སྒོ་མང་པོར་ཧུར་ཐག་ཞུགས་ཡོད་པ། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཕུལ་བྱུང་གི་ཡིག་སྒྱུར་བརྩམས་ཆོས་དཔྱད་འདེམས་བྱེད་སྒོ་སྤེལ་བ། ཀྲུང་གོའི་ལོ་ཙཱ་བའི་མཐུན་ཚོགས་ལ་ལོ་ཙཱའི་བསླབ་པ་རྒན་གྲས་ཀྱི་འོས་མི་འོས་སྦྱོར་བྱས་པ། རང་ལྗོངས་ཀྱི་རྒྱ་བོད་ཡིག་སྒྱུར་ཞབས་ཞུའི་རིན་བསྡུའི་ཚད་གཞི་བཟོས་ནས་བཏོན་པ། ལྷ་སར་ལྗོངས་ཡོངས་ཀྱི་ཡིག་སྒྱུར་ལས་སྒོའི་རྐང་འཛིན་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་བདེ་བླག་ངང་གཉེར་བ། ལས་འཛིན་ལྷན་ཚོགས་ཀྱི་བློ་འདོན་པ་གདན་ཞུ་བྱས་པ། འཛམ་གླིང་གི་གྲགས་རྩོམ་ཁག་བརྒྱ་ཡི་བོད་འགྱུར་རྣམ་གྲངས་ལག་ལེན་བསྟར་བ། པུའུ་ཨུད་གཉིས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆར་བརྟེན་ནས་མཐུན་ཚོགས་ཀྱིས་གཞི་རིམ་ལ་ཁ་ཕྱོགས་ནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རང་འཁྲིའི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་གསོ་སྦྱོང་མངགས་བཅོལ་དང་། རང་གིས་སྒྲུབ་འགན་འཁུར་བ། མཉམ་འབྲེལ་ཐོག་གཉེར་བ། ལས་ཐོག་སློབ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱད་དེ་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད། དེ་བཞིན་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་དང་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་(རྩོམ་སྒྱུར་ཅུད)ཀྱིས<<བོད་སྐད་ཡིག་ལས་དོན>>ནང་ཁུལ་གྱི་དུས་དེབ་མཉམ་དུ་གཉེར་བ་དང་། ཕུལ་བྱུང་གི་ཡིག་སྒྱུར་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་སྐྲུན་བྱ་རྒྱུའི་འཆར་འགོད་བཟོས་ཡོད།  

བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ལ་2005ལོའི་ཟླ་7པརབོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་དམངས་ཁྲོད་རྩ་འཛུགསཀྱི་མཚན་སྙན་ཐོབ་པ་དང་།  2015ལོརཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ཕུལ་བྱུང་ཚོགས་ཁོངས་ཚན་པའིམཚན་སྙན་ཐོབ་པ། རྒྱུན་ལས་ལས་འཛིན་གཅིག་ལཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ཕུལ་བྱུང་མཐུན་ཚོགས་ལས་དོན་པའིགཟི་བརྗིད་མཚན་སྙན་ཐོབ་པ། 2016ལོར་བོད་ལྗོངས་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་ཁོངས་ཚན་པ་ཞུགས་ནས་ཡིག་སྒྱུར་བྱས་པའི<<སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་ཀློག་དེབ(2016ལོའི་པར་གཞི)>>(བོད་འགྱུར་མ)ལ་བོད་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་དཔྱད་འདེམས་ནང་བྱ་དགའ་རིམ་པ་གསུམ་པ་ཐོབ་པ། 2017ལོར་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ལ་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས“རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མཉམ་སྡེབ”ཀྱི་མཚན་སྙན་གནང་ཡོད།

གནས་ཡུལ།  བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་རིགས་བྱང་ལམ་སྒོ་རྟགས་7པ་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད།

སྦྲག་ཨང་།    850000

ཁ་པར།     0891-6608031

བརྙན་སྐྱེལ།    0891-6608060


                             ཡིག་སྒྱུར་པ   བདེ་སྐྱིད།

       ཞུ་དག་པ། ཡེ་ཤེས་བཟང་པོ།