无障碍阅读 关怀版

ཐོན་མིའི་ཕྱག་རྒྱུན་སྣེའུ་རིས་འཁྱུག་ཡིག་གི་བཀོལ་སྤྱོད་གསལ་བཤད་དང་ཕབ་ལེན་དྲ་གནས།

དུས་ཚོད། 2022-01-05 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཐོན་མིའི་ཕྱག་རྒྱུན་སྣེའུ་རིས་འཁྱུག་ཡིག་བོད་ཡིག་ཡིག་མཛོད།

ཡིག་གཟུགས་ངོ་སྤྲོདརགས་བསྡུས

སྣེའུ་རིས་ཞེས་པའི་འཁྱུག་ཡིག་གི་གཟུགས་འདི་ནི་སྐུ་ཞབས་སྣེའུ་རྫོང་ཚེ་རིང་དོན་གྲུབ་ཁོང་རང་གི་ཕ་དམ་པ་སྣེའུ་རྫོང་དཔོན་རྣམ་རྒྱལ་རྡོ་རྗེའི་ཕྱག་རྒྱུན་ལ་དཔེ་བལྟས་ནས་སྦྱངས་པའི་འཁྱུག་ཡིག་གི་འབྲི་རྒྱུན་ཞིག་ཡིན། འདི་ཡང་བོད་ཡིག་དབུ་མེད་ལ་གཞུང་རིས་དང་ཨེ་རིས་ཞེས་པའི་འབྲི་རྒྱུན་ཆེན་པོ་གཉིས་ཡོད་ཁོང་ནས་ཨེ་རིས་ཀྱི་འབྲི་རྒྱུན་རྨང་གཞིར་བྱས་པའི་ཐོག་གཞུང་རིས་ཀྱི་ལེགས་ཆ་བསྡུས་ནས་ལོ་མང་གི་ལག་ལེན་ནང་ཐོན་པའི་རང་ལུགས་ཀྱི་ཡིག་རྒྱུན་གསར་པ་ཞིག་ཡིན། འབྲི་རྒྱུན་འདི་ནི་འབྲུ་ལྷོབ་ཆེ་ལ་ཚུགས་པ་དང་། སྙོམ་ལ་བལྟ་ཀློག་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་༡༩༨༩ལོར་རྒྱལ་ཡོངས་རང་བཞིན་གྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེ་མོའི་ནང་ཨང་དང་པོ་ཐོབ་ནས་འབྲེལ་ཡོད་སྡེ་ཚན་གྱིས་ཉར་ཚགས་བྱས་ཤིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཀྱང་འདི་གའི་འབྲི་རྒྱུན་ཡིག་གཟུགས་པར་འགྲེམས་བྱས་ནས་ན་གཞོན་དོན་གཉེར་ཅན་མང་པོས་སྦྱོང་བྲིས་ཀྱི་འབད་པ་བྱེད་བཞིན་པར་བརྟེན་ལོ་འགའི་སྔོན་ནས་རང་རེའི་བོད་ཀྱི་ཡིག་གཟུགས་ལ་ཐུགས་ཞེན་ཆེ་བའི་མཁྱེན་ལྡན་པ་མང་པོས་ཁོ་བོའི་ལག་རྒྱུན་འདི་མི་ཉམས་གོང་འཕེལ་གཏོང་ཆེད་དེང་རབས་ཀྱི་ལས་ཐབས་ནས་བེད་སྤྱོད་གཏོང་རྒྱུ་ཡོད་པ་ཞིག་ཅི་ནས་དགོས་གལ་ཆེ་བའི་ཞབས་སྐུལ་དགོངས་འཆར་དབུ་ནན་ཆེ་ཕེབས་ཐོག་ལྗོངས་བོད་སྐད་ཡིག་ཨུ་ལྷན་ནས་ཀྱང་དེ་དོན་ཕྱག་བཞེས་དོན་སྨིན་བྱུང་ནས་གློག་ཀླད་ནང་བཅུག་ཐུབ་པ་བྱུང་ཡོད།

ཡིག་གཟུགས་ཀྱི་མིང་།

ཐོན་མིའི་ཕྱག་རྒྱུན-སྣེའུ་བྲིས་འཁྱུག་ཡིག  (བོད་ཡིག)

吞弥恰俊—柳酋体  (རྒྱ་ཡིག)

Calligraphy of Thonmi-SlevuBris VkhyugsYig(དབྱིན་ཡིག)

ཡིག་གཟུགས་ཀྱི་པར་གཞི།Version 1.00

ཡིག་གཟུགས་ཀྱི་པར་དབང་།བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུས)

གསར་སྤེལ་ལས་ཁུངས།བོད་ལྗོངས་བོད་བློ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སི

འགྲེམས་སྤེལ་དུས་ཚོད།༢༠༡༨ལོའི་ཟླ་༦པ།

ཇུས་འགོད་གསལ་བཤད།  

1.本字体的字形按照计算机藏文字库设计的要求,特请著名书法家、译审次仁顿珠先生书写。

2.为了字形的美观,次仁顿珠先生对同一字模进行了多次书写,选择一个最佳的字形作为字库设计的字模。

3.字形采用矢量字形,为使字形不失真,字形设计人员在次仁顿珠先生的指导下完成字稿预处理,字模提取,字形的大小比例、位置、边缘的锯齿等字形处理等工作。

4.字库藏文编码采用《藏文编码字符集 基本集》(国际或国家)(GB 16959-1997)标准的Unicode编码;字库支持多个平台、多个应用程序。

5.在矢量字形的基础上,增加了支持藏文的OpenType布局表,使字库成为OpenType字库。

6.本字库在藏文字库OpenType基本布局表的基础上,增加了很多处理藏文酋体的标记,最大程度地接近手写风格。

7.为了更大程度地接近手写风格,使字体变化多样,本字库做了如下的特殊处理: (1གས作为后加字和再后加字,单独书写时,采用各自的编码,单独输入,如作为整体采用字符的编码,输入字符。比如:可以输出ལེགས་ལེཌ་的多种书写形式;2作为后加字,单独输入时,采用自身编码,直接输入,如果作为后加字需要显示གཾ་字形时,采用字符的编码,输入字符。比如:可以输出མཚམས་མཚཾས་སེམས་སེཾས་的多种书写形式;3)常用缩略词བཀྲིས་等需要输入缩略形式བཀྲིས而不能输入原形བཀྲ་ཤིས等。

8.计算机字库只能最大程度地接近次仁顿珠先生的书写风格,无法完全达到原作者的书写水平。我们进行了全面的测试与修改,但难免有不足或错误。真诚欢迎广大用户反馈修改意见以便进一步改进。

ཡིག་གཟུགས་ཕབ་ལེན་གྱི་དྲ་གནས།ཐོན་མིའི་ཕྱག་རྒྱུན__སྣེའུ་རིས་འཁྱུག་ཡིག.zip