无障碍阅读 关怀版

ཐོན་མིའི་ཕྱག་རྒྱུན་སྙེ་བྲིས་དབུ་ཅན་གྱི་ངོ་སྤྲོད་རགས་བསྡུས་དང་ཕབ་ལེན་དྲ་གནས།

དུས་ཚོད། 2022-01-12 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཐོན་མིའི་ཕྱག་རྒྱུན་སྙེ་བྲིས་དབུ་ཅན་བོད་ཡིག་ཡིག་མཛོད།

ཡིག་གཟུགས་ངོ་སྤྲོད་རགས་བསྡུས།

སྙེ་བྲིས་དབུ་ཅན་འབྲི་རྒྱུན་འདི་བཞིན་སྔར་སྙེ་མོ་ཁུལ་གྱི་ཡིག་གཟུགས་མཁས་པ་རྣམས་ནས་རྒྱལ་བའི་བཀའ་བསྟན་ཕབ་བཤུ་བགྱི་བའམ་པར་རྩར་བཀོད་པའི་བརྒྱུད་རིམ་རིང་མོའི་ནང་ཁྱུང་བྲིས་དབུ་ཅན་གྱི་ཡིག་གཟུགས་ཐོག་རིམ་བཞིན་འཕེལ་འགྱུར་བྱུང་ནས་རང་ལུགས་འབྲི་རྒྱུན་ཞིག་ཆགས་པ་དར་ཁྱབ་སོང་བ་ཡིན་ཞིང་། ཡིག་གཟུགས་དེར་ལྟ་ཀློག་མིག་ལ་བདེ་བ་དང་། བྲིས་འབུར་བརྐོས་ལ་མཛེས་པ། ཕྲ་སྦོམ་གྱི་སྨྱུག་ཁམས་དོད་པ། སྒྱུ་རྩལ་གྱི་གསོན་ཉམས་ལྡན་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་ལྡན་ཡོད་གཤིས། སྔ་དུས་བཀའ་བསྟན་འགྱུར་གྱི་པར་རྩ་དང་དགོན་སྡེ་ཁག་གི་ལྡེབས་རིས་སོགས་སུ་སྤྱད་པ་མང་ལ། དུས་རབས་བཅུ་དགུའི་ཚུན་ནས་ཀུན་གྱིས་ཡིག་གཟུགས་ཚད་ལྡན་མ་ཞིག་ཏུ་གྱུར་ནས་སྤྱོད་ཁྱབ་དེ་བས་ཆེ་བར་སྣང་།

ཀྲུང་ཧྭ་ཡིག་གཟུགས་ཀྱི་བྱེ་བྲག་བོད་ཡིག་ཡིག་གཟུགས་སྙེ་བྲིས་དབུ་ཅན་གྱི་འབྲི་རྒྱུན་དེ་རྒྱུན་འཛིན་གང་ལེགས་ཡོང་བ་དང་། ལྷག་པར་དེང་རབས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་རྩིས་འཁོར་ཐོག་སྤྱོད་མཁོ་གང་ཆེ་ཡོང་ཕྱིར། ༢༠༡༩ལོར་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ཆེད་མངག་སྙེ་བྲིས་དབུ་ཅན་དེ་ཉིད་ཐོན་མིའི་ཕྱག་རྒྱུན་བོད་ཡིག་ཡིག་མཛོད་གསར་བཟོའི་ཁོངས་གཏོགས་རྣམ་གྲངས་སུ་བཅུག་སྟེ། བོད་ལྗོངས་ཡིག་མཁན་མཐུན་ཚོགས་ཀྱི་བོད་ཡིག་ཡིག་གཟུགས་མཁས་དབང་དང་ཆ་འཕྲིན་ལག་རྩལ་ཆེད་ལས་པ་སྒྲིག་འཛུགས་མཉམ་ལས་ཐོག་ཡིག་མཛོད་འདི་གསར་བཟོ་བྱས་པ་ཞིག་ཡིན། དེ་ཡང་སྙེ་བྲིས་ཀྱི་མ་དཔེ་ཁུངས་བཙན་ཏེ་ནོར་བུ་གླིང་གར་བཞུགས་པའིབརྒྱད་སྟོང་པགསེར་བྲིས(དེ་ནི་ཉེ་རབས་ལོ་རྒྱུས་ཐོག་སྙེ་བྲིས་ཡིག་མཁན་སྙེ་འོལ་མོ་ལྟག་པའི་ཚེ་རིང་དོན་འགྲུབ་དང་དོན་འགྲུབ་གཡུལ་རྒྱལ་རྣམ་གཉིས་ནས་ཕྱག་བྲིས་གནང་བ་ཞིག་གོ)དེ་ཉིད་དཔེར་འཛིན་ཐོག རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྙེ་བྲིས་དབུ་ཅན་གྱི་རྒྱུན་འཛིན་པ་སྙེ་བུ་བཀྲ་ཤིས་དོན་གྲུབ་མཆོག་ནས་ཕྱག་བྲིས་གནང་བ་དང་། བོད་ལྗོངས་བོད་བློ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིའི་ཆེད་ལས་ལག་རྩལ་ཆེ་མོ་བས་བཟོ་འཇུག་གནང་བ་དང་བཅས། དགེ་ལེགས་འཕེལ་གྱུར་ཅིག

ཡིག་གཟུགས་ཕབ་ལེན་གྱི་དྲ་གནས།ཐོན་མིའི་ཕྱག་རྒྱུན__སྙེ་བྲིས་དབུ་ཅན།.zip