无障碍阅读 关怀版

སྣེའུ་བྲིས་འཁྱུག་ཡིག་རྩིས་འཕྲུལ་ཡིག་མཛོད་རྣམ་གྲངས་རྩིས་ལེན་བྱས་པ།

དུས་ཚོད། 2018-06-14 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

༢༠༡༨ལོའི་ཟླ་༥ཚེས༢༥ཉིན། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་༢༠༡༧ལོའི་རྣམ་གྲངས་ཏེ་བོད་ཡིག་སྣེའུ་བྲིས་འཁྱུག་ཡིག་རྩིས་འཕྲུལ་ཡིག་མཛོད་ཚན་ཞིབ་རྣམ་གྲངས་ཀྱི་རྩིས་ལེན་ཚོགས་འདུ་སྐོང་འཚོགས་བྱས་པ་རེད། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེནཅུད་ཀྲང་ནོར་བུ་དང་། ཀྲུའུ་རེན་གཞོན་པ།ཅུད་ཀྲང་གཞོན་པཚེ་རིང་གཡུ་སྒྲོལ། ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ཀྲེང་ཝེ་ཀྲུང་། བཀས་བཅད་ཁྲུའི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོ། ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་གཞོན་པ་བུ་ཆུང་། སྐད་ཡིག་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་འཇིགས་མེད་རྡོ་རྗེ། དེ་བཞིན་སྣེའུ་བྲིས་འཁྱུག་ཡིག་སུག་བྲིས་པ་ཞུས་ཆེན་ལོ་ཙྰ་བ་ཚེ་རིང་དོན་གྲུབ་བཅས་ཐེངས་འདིའི་ཚོགས་འདུར་བཞུགས་ཡོད་པ་དང་ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ཀྲེང་ཝེ་ཀྲུང་ནས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་རྣམ་གྲངས་གསར་སྤེལ་ཀུང་སི་ལྷ་ས་སྤུས་ལེགས་ཚན་རྩལ་ཚད་ཡོད་ཀུང་སིའི་འཐུས་མི་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་བ་ཀའོ་ཏིང་གོ་ཡིས་རྣམ་གྲངས་གསར་སྤེལ་གྱི་བརྒྱུད་རིམ་དང་། བོད་ཡིག་སྣེའུ་བྲིས་འཁྱུག་ཡིག་རྩིས་འཕྲུལ་ཡིག་མཛོད་ཀྱི་ཁྱད་ཆོས་སོགས་བརྙན་གཟུགས་ཐོག་ནས་ངོ་སྤྲོད་གནང་བ་མ་ཟད། ཚོགས་ཞུགས་མི་སྣའི་འབྲེལ་ཡོད་འདྲི་བར་ལན་འདེབས་གནང་བ་རེད།

རྣམ་གྲངས་ཀྱི་གྲུབ་འབྲས་ལ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་གདེང་འཇོག་ཚད་མེད་ཐོབ་པ་དང་ཆབས་ཅིགརྣམ་གྲངས་རྩིས་སྤྲོད་ལེགས་གྲུབ་བྱུང་བའི་ཁྱབ་བསྒྲགས་བྱས་པ་རེད།ནོར་བུས་བོད་སྐད་ཨུད་གཞུང་ལས་ཁང་རྩམ་སྒྱུར་ཅུདདང་། བོད་ཡིག་ཡིག་གཟུགས་ལ་དགའ་ཞེན་ཡོད་པའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་ཚབ་ཞུས་ནས་གསར་སྤེལ་ཀུང་སི་དང་སྣེའུ་བྲིས་འཁྱུག་ཡིག་གི་མ་དཔེ་ལག་བྲིས་གནང་མཁན་བོད་ཡིག་ཡིག་གཟུགས་མཁན་ཅན་ཚེ་རིང་དོན་གྲུབ་ལགས་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུས་པ་དང་སྦྲགས། ཐེངས་འདིའི་ཡིག་མཛོད་གསར་སྤེལ་རྣམ་གྲངས་ལེགས་གྲུབ་བྱུང་བ་འདིས། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་གི་རྩིས་འཕྲུལ་ཡིག་མཛོད་གསར་སྤེལ་ལས་དོན་གྱི་དུས་རིམ་ཐོག་མ་མཇུག་སྒྲིལ་བ་དང་། བོད་ཡིག་ཆ་འཕྲིན་ཅན་གྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཐུབ་ཅིང་། བོད་སྐད་ཡིག་གི་འཕེལ་རྒྱས་དང་ཀྲུང་ཧྭ་རིག་གནས་མ་ཉམས་རྒྱུན་འཛིན་བྱ་རྒྱུར་དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་ཡོད་ཅེས་གསུངས།