无障碍阅读 关怀版

བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཚད་གཞིའི་ལས་དོན་ཚོགས་ཆུང་གི་སྐབས་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་ཚོགས་པ།

དུས་ཚོད། 2018-06-14 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

༢༠༡༩ལོའི་ཟླ་༥ཚེས་༣༡ཉིན། རྒྱལ་ཡོངས་ཆ་འཕྲིན་ལག་རྩལ་ཚད་ལྡན་ལས་དོན་ཨུ་ལྷན་གྱི་གཙོ་གཉེར་གནང་ཞིང་།ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུདགིས་གཉེར་འགན་འཁུར་ནས་ བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཚད་གཞིའི་ལས་དོན་ཚོགས་ཆུང་གི་སྐབས་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་དེ་ལྷ་སར་སྐོང་འཚོགས་བྱས་པ་རེད། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུདགི་ཀྲུའུ་རེན་དང་ཅུད་ཀྲང་ནོར་བུ། རྒྱལ་ཡོངས་ཆ་འཕྲིན་ལག་རྩལ་ཚད་ལྡན་ལག་རྩལ་ཨུ་ལྷན་གྱི་འཐུས་མི། ལྗོངས་ཕྱི་ནང་གི་བོད་ཡིག་ལས་དོན་ཚོགས་ཆུང་ཁོངས་གཏོགས་ཀྱི་འཐུས་མི། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུདགི་འབྲེལ་ཡོད་ཚན་ཁག་གི་འགན་འཁུར་བ་བཅས་ཚོགས་འདུར་བཞུགས་ཡོད།

ད་ཐེངས་ཀྱི་ཚོགས་འདུ་དེ་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུདཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ཀྲེང་ཝེ་ཀྲུང་གིས་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ནོར་བུས་གཉེར་འགན་འཁུར་མཁན་ཚན་པའི་ཚབ་ཞུས་ནས་ཉེ་བའི་ལོ་གཉིས་རིང་གི་བོད་སྐད་ཡིག་ལས་དོན་སྤེལ་ཚུལ་ལ་ཕྱོགས་བསྡོམས་གནང་བ་དང་། ཀྲུང་གོ་གློག་རྡུལ་ལག་རྩལ་ཚད་ལྡན་ཞིབ་འཇུག་གླིང་གི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཞུང་ཐའོ་ཡིས་རྒྱལ་ཡོངས་ཀྱི་ཆ་འཕྲིན་ལག་རྩལ་ཚད་ལྡན་ལས་དོན་ཨུ་ཡོན་ལྷན་ཁང་གིས་བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ ཚད་གཞི་ཨུ་ཡོན་ལྷན་ཁང་ལས་དོན་ཚོགས་ཆུང་གི་ཁོངས་གཏོགས་ཚན་པ་ལེགས་སྒྲིག་ཇུས་གཞིའི་བཀའ་ལན་བརྒྱུད་བསྒྲགས་དང་སྦྲགས། ཉེ་བའི་ལོ་གཉིས་རིང་གི་རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་ཆ་འཕྲིན་ལག་རྩལ་ཚད་ལྡན་ཅན་གྱི་ལས་དོན་སྤེལ་ཚུལ་སྐོར་གྱི་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ཚོགས་བཞུགས་འཐུས་མིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བཏོན་པའི་གྲོས་གཞིའི་འབྲེལ་ཡོད་ནང་དོན་ལ་ཚ་ཚ་འུར་འུར་གྱིས་གྲོས་བསྡུར་གནང་བ་མ་ཟད། བསམ་འཆར་གཅིག་མཐུན་ཐོག་ཚད་ལྡན་ཅན་བཟོ་རྒྱུའི་ལས་དོན་སྐོར་ལ་ཞིབ་ཕྲའི་ལས་བགོས་ཀྱང་གནང་བ་རེད།