无障碍阅读 关怀版

<<བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས>>འགྲེམས་བསྒྲགས་བྱས་ནས་ལོ་10འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་དེ་ལྷ་སར་གཟབ་རྒྱས་ངང་སྐོང་ཚོགས་བྱས་པ།

དུས་ཚོད། 2017-01-01 རྩོམ་པ་པོ རྩོམ་སྒྲིག

 

ཟླ་5ཚེས་22ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་གིས་ལྷ་སར་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ཤིང་།<<བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་རང་སྐྱོང་ལྗོངས་ཀྱི་གཏན་འབེབས>>(གཤམ་ལ<<གཏན་འབེབས>>ཞེས་བསྡུ་རྒྱུ>>)འགྲེམས་བསྒྲགས་བྱས་ནས་ལོ་10འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད། རང་སྐྱོང་ལྫོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་དང་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གལ་ཆེའི་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་བཞུགས་མོལ་ཚོགས་འདུར་ཞུགས་གནང་བ་རེད། ཚོགས་འདུ་དེ་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད་)ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རེན། ཅུད་ཀྲང་ནོར་བུ་དོན་གྲུབ་ཀྱིས་གཙོ་སྐྱོང་གནང་བ་རེད། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་ཧྲུའུཅི་གཞོན་པ་དང་། ཀྲུའུ་རེན་གཞོན་པ། ཅུདཀྲང་གཞོན་པ་བློ་མཐུན་ལི་ཅུན་ལུན་གྱིས<<གཏན་འབེབས་ཁྱབ་བསྒྲགས་བྱས་ནས་ལོ་10འཁོར་ཚུན་གྱི་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་སྤེལ་ཚུལ་བརྡ་ཁྱབ་གནང་བ་རེད། བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་ཉིན་རེའི་ཚགས་པར། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སོགས་ཚན་པས་གཏམ་བཤད་སྤེལ་གནང་བ་རེད། ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་ས་གནས(གྲོང་ཁྱེར)ཁག་གི་བོད་སྐད་ཡིག་ལས་དོན་སྡེ་ཚན་གྱི་འགན་འཁུར་མི་སྣ་ཁྱོན་50ལྷག་ཙམ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

བློ་མཐུན་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་སྟོན་པར། <<གཏན་འབེབས>>འགྲེམས་བསྒྲགས་ལག་བསྟར་བྱས་པ་དེས་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་ཆུ་ཚད་མཐོ་རུ་བཏང་ནས་སློབ་གསོ་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་ཡར་ཐོན་གོང་འཕེལ་ལ་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་བཅས་ཚང་མར་འཕྲལ་ཕུགས་གཉིས་ལ་དགེ་བའི་དོན་སྙིང་ཆེན་པོ་ལྡན་ཡོད། <<གཏན་འབེབས>>འགྲེམས་བསྒྲགས་བྱས་ནས་ལོ་10སོང་རིང་། རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་དེ་གསར་གཏོད་གོང་འཕེལ་གྱི་ལག་ལེན་དངོས་ཀྱི་ནང་རྩ་ཆེའི་ཉམས་མྱོང་བཟང་པོ་གསོག་འཇོག་བྱས་ཡོད་པ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གཞུང་མ་ལག་གིས་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་གི་སྐད་ཡིག་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་མཐའ་འཁྱོངས་ཀྱིས་ཏང་དང་སྲིད་གཞུང་གི་འགོ་ཁྲིད་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་དམ་པོར་བརྟེན་པ། བསམ་བློར་བཅིངས་འགྲོལ་དང་བསྒྱུར་བཅོས་གསར་གཏོད་ཀྱིས་རང་འགུལ་ངང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་དགོས་མཁོ་དང་འཚམ་མཐུན་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཚད་ལྡན་དང་ཞབས་ཞུ་སྒྲུབ་རྒྱུ་ཟུང་འབྲེལ་ཐུབ་པ་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་ཕྱོགས་ཐད་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྲིད་འཛིན་ཁྲིམས་བཞིན་སྐྱོང་བ། དོ་དམ་ཁྲིམས་བཞིན་བྱེད་པ་བཅས་བྱས་ཏེ་སྡེ་ཚན་ཁག་གི་འགན་བགོས་མཐུན་སྦྱོར་མཉམ་ལས་དང་ཕྱར་བ་གྲུ་འདེགས་བྱེད་པའི་ལམ་སྲོལ་དང་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བོད་སྐད་ཡིག་ལས་དོན་པའི་རང་འགུལ་བྱེད་སེམས་དང་གསར་གཏོད་བྱེད་སེམས་འདོན་སྤེལ་གང་ལེགས་བྱེད་པ་དང་སྤྱི་ཚོགས་ཕྱོགས་གང་ཐད་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཏེ་ཇུས་ཤུགས་མཉམ་འདོན་གྱིས་བོད་སྐད་ཡིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཅེས་སྟོན་གནང་བ་རེད།

ལྕགས་ར་བློ་བཟང་བསྟན་འཛིན་གྱིས་ནན་བཤད་གནང་བར། ལྗོངས་ཡོངས་ཀྱི་བོད་སྐད་ཡིག་ལས་དོན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། མིག་སྔའི་མངོན་ཆེའི་གནད་དོན་ཐག་གཅོད་བྱེད་རྒྱུ་སོགས་ཕྱོགས་གང་ཐད་ནས་བོད་སྐད་ཡིག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཏེ་བོད་སྐད་ཡིག་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་། དུས་ལ་གཏུགས་སེམས། ལས་སྐལ་སྒྲུབ་སེམས་བཅས་ཤུགས་ཆེར་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ལྕགས་ར་བློ་བཟང་བསྟན་འཛིན་གྱིས་བླང་བྱ་སྟོན་པར། ལྗོངས་ཡོངས་ཀྱི་རིམ་ཁག་བོད་སྐད་ཡིག(རྩོམ་སྒྱུར)ལས་དོན་སྡེ་ཚན་གྱིས<<གཏན་འབེབས>>འགྲེམས་བསྒྲགས་བྱས་ནས་ལོ་10སོང་བ་དེ་འགོ་འཛུགས་ས་གསར་པར་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཏེ་ཚད་མཐོའི་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་སྲིད་འཛིན་བྱེད་ནུས་དང་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། གཞི་རིམ་ལས་བྱེད་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྐད་གཉིས་སློབ་སྦྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། བོད་སྐད་ཡིག་བཀས་བཅད་དང་། ཚད་ལྡན། ཆ་འཕྲིན་བཅས་སུ་སྐུལ་སྤེལ་བཏང་སྟེ་བོད་སྐད་ཡིག་ལས་དོན་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་བའི་འབད་བརྩོན་བྱས་ནས་རང་ལྗོངས་ཀྱི་བོད་སྐད་ཡིག་བྱ་གཞག་གོང་འཕེལ་གཏོང་བའི་ལེའུ་གསར་པ་བརྩམས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས་ཞེས་སྟོན་གནང་བ་རེད།

ཡིག་སྒྱུར་བ།  མིག་དམར་ཕན་ཐོགས།

རྩོམ་སྒྲིག་པ།  སྐྱིད་ལུས།