无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད་)གིས་དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་ལས་སྒྲུབ་ཉེན་རྟོག་པར་འཚམ་འདྲི་བྱས་པ།

དུས་ཚོད། 2017-01-01 རྩོམ་པ་པོ རྩོམ་སྒྲིག

ཟླ་6པའི་ཚེས་15ཉིན་ལ། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད་)གིས་(ལྗོངས་ཐད་གཏོགས་སྡེ་ཚན་དང་ཚན་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་ལས་སྒྲུབ་ཉེན་རྟོག་པར་འཚམ་འདྲི་བྱ་རྒྱུའི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དོན་གཅོད་ཐིང་གི་བརྡ་ཐོའི་)བླང་བྱ་ནང་བཞིནགཞུང་ལས་ཁང་(ཅུད་)ཏང་ཙུའི་ཧྲུའུ་ཅི་གཞོན་པཀྲུའུ་རེན་གཞོན་པ། (ཅུད་ཀྲང་གཞོན་པ)ལིའི་ཅུན་ལུན་གྱིས་འཚམ་འདྲི་ཚོགས་ཆུང་གི་མི་བཞི་ཁྲིད་དེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་ལས་སྒྲུབ་ཉེན་རྟོག་པར་འཚམ་འདྲིར་སོང་བ་རེད། ལིའི་ཅུན་ལུན་གྱིས་ངེད་གཞུང་ལས་ཁང་(ཅུད་)གི་ཏང་ཙུའུ་དང་ལས་བྱེད་ལས་བཟོ་བ་ཡོངས་ཀྱི་ཚབ་བྱས་ཏེ་ལས་སྒྲུབ་ཉེན་རྟོག་པར་ཁ་བཏགས་སྒྲོན་ཞིང་འཚམ་འདྲིའི་དངུལ་སྒོར་ཁྲི་གཅིག་ཕུལ།

འཚམ་འདྲི་བྱེད་སྐབས་སུ། ལིའི་ཅུན་ལུན་གྱིས་དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་ཉེན་རྟོག་པ་ཚོས་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་དུ་དཀའ་ངལ་ཁྱད་གསོད་དང་། ཉིན་མཚན་དབྱེར་མེད་དུ་གྲོང་ཁྱེར་གྱི་སྤྱི་ཚོགས་བདེ་འཇགས་དང་སྡེ་ཁུལ་མང་ཚོགས་ལ་ཞབས་ཞུ་བསྒྲུབས་ཏེ་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་བྱས་ཤིང་། ཆབས་ཅིག་དམངས་བདེ་ཉེན་རྟོག་པ་རྣམས་ཀྱིས་མུ་མཐུད་འབད་བརྩོན་ལྷོད་མེད་ཀྱིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་བྱས་རྗེས་སྔར་ལས་ཆེན་པོ་གཞག་རྒྱུའི་རེ་བ་བཏོན།

ལྷ་ས་གྲོང་ཁྱེར་གཙུག་ལག་ཁང་གི་ལྷོ་སྒོའི་དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་ཉེན་རྟོག་པ་རྣམས་ཀྱིས་ཀྱང་རང་འཁྲིའི་ལས་འགན་སྔར་བཞིན་ལེགས་སྒྲུབ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལེགས་འཁུར། དཀའ་ངལ་ཁྱད་གསོད་བཅས་ཀྱིས་གྲོང་མིར་བློ་གཅིག་སེམས་གཅིག་གིས་ཞབས་ཞུ་གང་ལེགས་བསྒྲུབ་རྒྱུའི་བསམ་ཚུལ་བསྟན།

ཡིག་སྒྱུར་བགདུགས་དཀར་ཚེ་རིང་།

རྩོམ་སྒྲིག་འགན་འཁུར་བགདུགས་དཀར་ཚེ་རིང་། སྐྱིད་ལུས