无障碍阅读 关怀版

ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་སྤྱོད་ཡིག་བཀས་བཅད་བྱེད།

དུས་ཚོད། 2017-01-01 རྩོམ་པ་པོ རྩོམ་སྒྲིག
punctuation'>

ཟླ་9ཚེས་14ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་རིམ་པ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་ལས་གྲུབ་པའི་ཞིབ་བཤེར་ཚོགས་ཆུང་གི་སྣེ་ཁྲིད་ནས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དང་མཁར་རྔ་གདོང་ལམ་སོགས་སུ་སྤྱི་ཚོགས་སྤྱོད་ཡིག་ལ་ཞིབ་བཤེར་གནང་།

ལྕགས་ར་བློ་བཟང་བསྟན་འཛིན་གྱིས་སྤྱི་ཚོགས་སྤྱོད་ཡིག་བཀས་བཅད་བྱེད་རྒྱུ་ནི་སྤྱི་ཙོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་དང་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་བའི་གལ་ཆེའི་ནང་དོན་ཞིག་རེད། རང་ལྗོངས་འདི་ཉིད་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཞིག་ཡིན་པའི་ངོས་ནས་སྤྱི་ཚོགས་སྤྱོད་ཡིག་བཀས་བཅད་བྱེད་རྒྱུར་དམིགས་བསལ་གྱི་དོན་སྙིང་ཆེན་པོ་ལྡན་ཡོད། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྐད་ཡིག་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཏེ<<རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས>>དང<<བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས>>ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱས་ཐོག མཛུབ་ཁྲིད་དང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་གྱིས་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་བཟོ་རྒྱུའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་ཕན་འབྲས་དངོས་ཐོན་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་།

ཞིབ་བཤེར་བྱེད་སྐབས་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་འགེལ་བྱང་དང་། ཚོང་ཁང་གི་སྒོ་བྱང་། ལམ་རྟགས་ཡུལ་མིང་སོགས་ཀྱི་ཡི་གེ་བེད་སྤྱོད་བྱས་ཚུལ་ལ་རྟོགས་ཞིབ་ཚགས་ཚུད་གནང་ནས་སྤྱོད་ཡིག་ཚད་ལྡན་མེད་པ་དང་ཕབ་སྒྱུར་མ་འགྲིག་པ་སོགས་ཀྱི་གནད་དོན་རེ་རེ་བཞིན་བཏོན་པ་མ་ཟད་འབྲེལ་ཡོད་ཚན་པ་དང་སྡེ་ཚན་ལ་འཕྲལ་མར་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན། ལྕགས་ར་བློ་བཟང་བསྟན་འཛིན་གྱིས་ནན་བཤད་གནང་དོན། སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་བཟོ་རྒྱུའི་ལས་དོན་དེ་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་འབྲེལ་བ་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བྱ་གཞག་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བ་ཡོད་པས་གྲོང་ཁྱེར་གྱི་དཔལ་ཡོན་དང་སྤྱི་ཚོགས་ཡར་ཐོན་གྱི་ཆུ་ཚད་མངོན་གྱི་ཡོད།  རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་གནང་བར། ད་ལོ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་སྤྱི་ཚོགས་སྤྱོད་ཡིག་བཀས་བཅད་ཞིབ་བཤེར་དང་བཅོས་སྒྲིག་བྱེད་པའི་བྱེད་སྒོ་ཐེངས་གཅིག་སྤེལ་ནས་སྤྱི་ཚོགས་སྤྱོད་ཡིག་གི་རྣམ་པ་བཟང་དུ་གཏོང་བ་དང་ཆུ་ཚད་མཐོ་རུ་གཏོང་དགོས།  དེ་བཞིན་ས་གནས(གྲོང་ཁྱེར)ཁག་དང་།  སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། སྐུལ་སློང་བྱེད་རྒྱུ་ནས་འགོ་འཛུགས་པ་དང་། ཞིབ་བཤེར་དམ་འཛིན་བྱེད་པ། གཙོ་གནད་བཅོས་སྒྲིག་བྱེད་པ། བཀས་བཅད་དམིགས་ཡུལ་བྱེད་པ་བཅས་བྱས་ནས་རྩ་འཛུགས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་པའི་དབར་མཐུན་སྦྱོར་གཞོགས་འདེགས་ཡག་པོ་བྱས་ཐོག ཕྱོགས་ཡོངས་ནས་སྤྱི་ཚོགས་སྤྱོད་ཡིག་ཞིབ་བཤེར་བཅོས་སྒྲིག་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཏེ་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཡོང་བའི་སྤྱི་དམངས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་སྤྱོད་ཡིག་ཚད་ལྡན་གྱི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་པའི་རེ་བ་བཏོན།

རྩོམ་སྒྱུར་བ།   མིག་དམར་ཕན་ཐོགས།

  རྩོམ་སྒྲིག་འགན་འཁུར་བ།  སྐྱིད་ལུས།