བོད་རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྐབས་བཞི་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ལྷ་སར་སྐོང་ཚོགས་བྱས།

ཚོགས་རྭ། (སྐྱིད་ལུས་ཀྱིས་པར་བླངས།)

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་།
རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ།
རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་
ལྕགས་ར་བློ་བཟང་བསྟན་འཛིན་གྱིས་གསུང་བཤད་གནང་བ།
(སྐྱིད་ལུས་ཀྱིས་པར་བླངས།)

བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རིན(ཅུད་ཀྲང་)ནོར་བུ་དོན་གྲུབ་རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བ་དང་སྦྲགས་གསུང་བཤད་གནང་བ།
(སྐྱིད་ལུས་ཀྱིས་པར་བླངས།
)

དེ་སྔའི་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཀྱི་ཏང་ཙུའི་ཧྲུའུ་ཅི་དང་།
ཅུད་ཀྲང་། རང་སྐྱོང་
ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་དཔལ་འབྱོར་གྱིས་
སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་འཚབ་ཞུས་ནས་ཚོགས་འདུར་ལས་དོན་སྙན་སྒྲོན་སྤེལ་བ།
(སྐྱིད་ལུས་ཀྱིས་པར་བླངས།)
2013ལོའི་ཟླ་5པའི་ཚེས་8ཉིན།
བོད་རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱིས་ལྷ་སར་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐོང་ཚོགས་བྱས་པ་དང་མི་150ཚོགས་འདུར་བཞུགས་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་།
རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ།
རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ལྕགས་ར་བློ་བཟང་བསྟན་འཛིན་ཚོགས་འདུར་བཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད།
དེ་སྔའི་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཀྱི་ཏང་ཙུའི་ཧྲུའུ་ཅི་དང་།
ཅུད་ཀྲང་།
རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་དཔལ་འབྱོར་གྱིས་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་འཚབ་ཞུས་ནས་ཚོགས་འདུར་ལས་དོན་སྙན་སྒྲོན་སྤེལ་ཡོད།
ཚོགས་འདུས་ཐེངས་གཉིས་པའི་བསླབ་གྲེས་ལོ་ཙྰ་བ་དང་རྒྱལ་ཡོངས་མི་རིགས་སྐད་ཡིག་ཡིག་སྒྱུར་རིག་དཔྱད་ཐེངས་བཅུ་བཞི་པའི་ཐོག་བྱ་དགའ་ཐོབ་མཁན་གྱི་དཔྱད་རྩོམ་རྩོམ་པ་པོར་གཟེངས་སྟོད་གནང་ཁར།
<<བོད་རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་སྒྲོན>>ལ་གྲོས་འཆམ་བྱུང་བ་དང་། <<བོད་རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྲོལ་ཡིག>>ལ་བཟོ་བཅོས་བརྒྱབ་པ། སྐབས་གསར་པའི་རྒྱུན་ལས་ལས་འཛིན་དང་།
ཚོགས་གཙོ། ཚོགས་གཙོ་གཞོན་པ།
དྲུང་ཆེ་བཅས་བདམས་ཐོན་བྱུང་ཡོད། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཀྱི་ཏང་ཙུའི་ཧྲུའུ་ཅི་དང་།
ཀྲུའུ་རིན་(ཅུད་ཀྲང་)ནོར་བུ་དོན་གྲུབ་སྐབས་གསར་པའི་ཚོགས་གཙོར་བདམས་ཐོན་བྱུང་བ་དང་སྦྲགས་གསུང་བཤད་གནང་ནས་སྐབས་གསར་པའི་བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་ཀའི་འགན་འཁྲི་དང་ལས་འགན་གསལ་འདོན་གནང་ཡོད།

ལྩགས་ར་བློ་བཟང་བསྟན་འཛིན་གྱིས་སྐབས་གོང་མའི་རྒྱུན་ལས་ལས་འཛིན་ལ་མཇལ་དར་སྒྲོན་པ། (སྐྱིད་ལུས་ཀྱིས་པར་བླངས། )

ནོར་བུ་དོན་གྲུབ་ཀྱིས་རྒྱལ་ཡོངས་མི་རིགས་སྐད་ཡིག་ཡིག་སྒྱུར་རིག་དཔྱད་ཐེངས་བཅུ་བཞི་པའི་ཐོག་བྱ་དགའ་ཐོབ་མཁན་
གྱི་དཔྱད་རྩོམ་རྩོམ་པ་པོར་མཇལ་དར་སྒྲོནཔ།
(སྐྱིད་ལུས་ཀྱིས་པར་བླངས། )
ལྕགས་ར་བློ་བཟང་བསྟན་འཛིན་གྱིས་གསུངས་དོན།
ཡིག་སྒྱུར་ལས་རིགས་འདི་བོད་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཟབ་པོ་ལྡན་ཡོད་ལ་མི་རིགས་སྐད་ཡིག་ལས་དོན་གྱི་གལ་ཆེའི་གྲུབ་ཆ་ཞིག་ཀྱང་ཡིན་པ་མ་ཟད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།
དེ་བཞིན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེ་མང་ཚོགས་དབར་གྱི་འབྲེལ་ཟམ་ལྟ་བུ་ཞིག་ཀྱང་ཡིན་ཞེས་གསུངས་པ་དང་།
2006ལོའི་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཐོག་རྒྱ་ཆེའི་ཡིག་སྒྱུར་པ་རྣམས་སྣེ་ཁྲིད་བྱས་ཏེ་ཆབ་སྲིད་དང་།
དཔལ་འབྱོར། རིག་གནས་སོགས་ཀྱི་ཁྱབ་ཁོངས་ཁག་ནང་བོད་ཡིག་ཡིག་སྒྱུར་གྱི་ཕན་འབྲས་བཟང་པོ་བཏོན་ཡོད་གཤིས།
ལྷག་པར་དུ་ལྗོངས་ནང་ཁུལ་གྱི་རིག་གཞུང་བགྲོ་གླེང་དང་། མི་སྣ་སྦྱོང་བརྡར།
བསླབ་གྲེས་ལོ་ཙྰ་བར་གཟེངས་སྟོད་བྱས་པ་སོགས་ཀྱི་ཐད་གྲུབ་འབྲས་བཟང་པོ་ཐོབ་ཡོད་པས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དོ་སྣང་དང་ཆ་འཇོག་བྱུང་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་ཁག་གཞི་རིམ་ལ་དོན་འཁྱོལ་ཐུབ་པས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་གལ་ཆེ་ནུས་པ་བཏོན་ཡོད་པ་མ་ཟད།
རྒྱལ་ཡོངས་མི་དམངས་རྣམས་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་ཤེས་རྟོགས་ཡོང་རྒྱུ་དང་།
བོད་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུར་བྱས་རྗེས་ཆེན་པོ་ཡང་འཇོག་ཡོད་པ།
དེ་བཞིན་བོད་ཀྱི་ཡིག་སྒྱུར་བྱ་གཞག་གི་རྣམ་པ་བཟང་པོ་དེ་ལྟ་བུར་རྨང་གཞི་བཟང་པོ་བཏིང་ཡོད་ཅེས་གསུངས་ཡོད།

ཚོགས་རྭའི་ཟུར་གཅིག (སྐྱིད་ལུས་ཀྱིས་པར་བླངས། )
ལྕགས་ར་བློ་བཟང་བསྟན་འཛིན་གྱིས་ནན་བཤད་གནང་དོན།
མིག་སྔའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དེ་ལོ་རྒྱུས་ཀྱི་སྐས་རིམ་གསར་པ་ཞིག་ལ་སླེབས་ཡོད་ཅིང་།
རང་ལྗོངས་ཀྱི་མཆོང་སྐྱོང་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་2020ལོར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལ་བསྐྱོད་རྒྱུ་དེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ལས་འགན་ལྗིད་ཤོས་དེ་ཡིན།
དེས་རྒྱ་ཆེའི་ཡིག་སྒྱུར་པའི་ནུས་པ་གང་ལེགས་འདོན་རྒྱུའི་གར་སྟེགས་ཆེན་པོ་ལྟ་བུ་ཞིག་མཁོ་འདོན་བྱས་ཡོད་སྟབས།
རྒྱ་ཆེའི་ཡིག་སྒྱུར་པས་དུས་བབ་ལ་གསལ་རྟོགས་བྱས་ཏེ་ལས་ཀའི་འགན་སེམས་དོན་དངོས་ལྟར་མཐོ་རུ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་ཞབས་འདེགས་ཡག་པོ་ཞུས་ཏེ་རང་ལྗོངས་ཀྱི་ཡིག་སྒྱུར་བྱ་གཞག་དེ་ཆུ་ཚད་གསར་པ་ཞིག་ལ་ཧུར་ཐག་སླེབས་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད།

ཚོགས་རྭའི་ཟུར་གཅིག (སྐྱིད་ལུས་ཀྱིས་པར་བླངས། )
ལྕགས་ར་བློ་བཟང་བསྟན་འཛིན་གྱིས་བླང་བྱ་གནང་དོན།
སྐབས་གསར་པའི་བོད་རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བརྟན་པོ་བཙུགས་ཏེ་ཁ་གསལ་བ་དང་གོ་བདེ་བའི་བོད་སྐད་ཡིག་གོང་འཕེལ་གྱི་ལམ་བུ་ཞིག་ཧུར་ཐག་བཏོད་ཐོག
བོད་མི་རིགས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་ཁེ་དབང་འགན་སྲུང་ཐུབ་པ་དང་།
བོད་སྐད་ཡིག་གོང་འཕེལ་ཡག་པོ་བཏང་ནས་བོད་མི་རིགས་ཀྱི་ཚན་རིག་དང་རིག་གནས་ཀྱི་ཆུ་ཚད་གོང་མཐོར་བཏང་སྟེ་སྤྱི་ཚོགས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས།
ཁྱད་ཆོས་འབུར་དུ་ཐོན་པ་བྱས་ཐོག་བོད་སྐད་ཡིག་ཚད་ལྡན་དང་ཆ་འཕྲིན་ཅན་བཟོ་རྒྱུ་དམ་འཛིན་བྱས་ཏེ་ཞི་མཐུན་ལྡན་པའི་སྐད་ཡིག་གི་ཁོར་ཡུག་ཞིག་ཧུར་ཐག་གཏོད་དགོས།
ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་བོད་སྐད་ཡིག་ལས་དོན་གྱི་ཁྱབ་ཁོངས་གསར་པ་ཞིག་བཏོད་ནས་མང་ཚོགས་འཕོ་གྱུར་གྱི་དགོས་མཁོ་སྐོང་ཐུབ་པ་བྱ་དགོས།
འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཡིག་སྒྱུར་ནང་ཐོན་པའི་དཀའ་གནད་ལ་ཞིབ་འཇུག་ནན་པོ་བྱས་ཏེ་ཐོབ་ཆ་དང་སྦྱོང་བརྡར་སོགས་རྒྱ་ཆེའི་ཡིག་སྒྱུར་པས་དོ་སྣང་ཆེ་ཤོས་ཀྱི་གནད་དོན་ལ་ཐག་གཅོད་བྱས་ནས་རང་ལྗོངས་ཀྱི་ཡིག་སྒྱུར་བྱ་གཞག་གསར་པ་ཞིག་བཏོད་ཁར་འབྱོར་ཕྱུག་དང་།
ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ།
འབྱུང་ཁམས་བཅས་ཀྱི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་ལེགས་སྐྱེས་གང་ལེགས་འབུལ་དགོས་ཞེས་གསུངས།

ཚོགས་མིའི་མཉམ་སྒྲོན་སྐུ་པར། (སྐྱིད་ལུས་ཀྱིས་པར་བླངས།
)
རྩོམ་འབྲི་བ།
བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དྲུང་ཡིག་ཁའོ་ནས།
ཡིག་སྒྱུར་བ། ལྷ་དབང་།
རྩོམ་སྒྲིག་འགན་འཁུར་བ། སྐྱིད་ལུས།



