无障碍阅读 关怀版

ཐོན་མིའི་ཕྱག་རྒྱུན་ཞེས་པའི་ལྗོངས་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེ་མོའི་གཟེངས་བསྟོད་ཚོགས་འདུ་སྐོང་ཚོགས་བྱས་པ།

དུས་ཚོད། 2017-01-01 རྩོམ་པ་པོ རྩོམ་སྒྲིག

སྤྱི་ཟླ་༢པའི་ཚེས་༣ཉིན།   བོད་རང་སྐྱོང་ལྗོངས་བོད་སྐད་ཨུ་གཞུང་ལས་ཁང་གིས་གཙོ་གཉེར་བྱས་ཤིང་། རང་སྐྱོང་ལྗོངས་ཡིག་མཁན་ལྷན་ཚོགས་དང་། རང་སྐྱོང་ལྗོངས་ལོ་ཙཱ་བའི་མཐུན་ཚོགས། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་བཅས་ཀྱིས་རོགས་གཉེར་གནང་བའི་ཐོན་མིའི་ཕྱག་རྒྱུན་ཞེས་པའི་ལྗོངས་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་གྱི་གཟེངས་བསྟོད་ཚོགས་འདུ་དེ་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འཚོགས་ཤིང་།   རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ནས་ཡིག་གཟུགས་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་གཟེངས་རྟགས་དང་མཚན་སྙན་ལག་ཁྱེར་སོགས་གནང་བ་མ་ཟད།   གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད།  

གཤམ་དུ་ཡིག་གཟུགས་འགྲན་བསྡུར་ནང་བྱ་དགའ་རིོམ་པ་དང་པོ་ཐོབ་པའི་བརྩམ་བྱ་ཁག་འདེམས་བཀོད་བྱས་པར་རྒྱས་གཟིགས་གནང་རོགས། 

 

དབུ་ཅན་རིམ་པ་དང་པོ།

 

 

འབྲུ་ཚ་རིམ་པ་དང་པོ།

 

 

དཔེ་ཚུགས་རིམ་པ་དང་པོ།

 

 

སློབ་མའི་ཡིག་གཟུགས་རིམ་པ་དང་པོ།

 

 

མཛེས་རྩལ་ཡིག་གཟུགས་རིམ་པ་དང་པོ།

འཁྱུག་ཡིག་རིམ་པ་དང་པོ།

 

 

ཚུགས་ཐུང་རིམ་པ་དང་པོ།