ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ཉེན་བརྡ་དྲན་སྐུལ་དང་“སྤྱོད་ཚུལ་བཞི”ཡོ་བསྲང་མཐའ་གཅིག་ཏུ་བྱས་པ།
ཟླ་4ཚེས་27ཉིན།ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ཏང་ཡོན་ཚང་འཛོམས་གྲོས་ཚོགས་སྐོང་ཚོགས་བྱས་པ་རེད།ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི《“ལྔ་གཅིག”དང་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་སྒྲིག་ཁྲིམས་ཀྱི་བླང་བྱ་དམ་སྲུང་དང་“སྤྱོད་ཚུལ་བཞི”ཡོ་བསྲང་མཐའ་གཅིག་ཏུ་བྱེད་རྒྱུའི་བརྡ་ཐོ》དང་ལྗོངས་སྒྲིག་ཨུད་སྲིད་གཞུང་དོན་གཅོད་ཐིང་ལ་བཅའ་སྡོད་སྒྲིག་བཤེར་ཙུའུ་ཡི་གཤམ་གཏོང་བྱས་པའི《“ལྔ་གཅིག”དང་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་སྒྲིག་ཁྲིམས་དམ་སྲུང་དང་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་།ཀྲུའུ་རེན(ཅུད་ཀྲང་)ནོར་བུས“ལྔ་གཅིག”དང་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི“བསྲུང་བྱ་རྣམ་བཅུ”དང་“བླང་བྱ་ཁག་དགུ”སྔར་བས་དོན་འཁྱོལ་ཡག་པོ་དང་“སྤྱོད་ཚུལ་བཞི”ཡོ་བསྲང་མཐའ་གཅིག་ཏུ་བྱ་རྒྱུའི་བཀོད་སྒྲིག་གནང་བ་རེད།ཚོགས་འདུའི་ཐོག་ད་དུང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱི་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་གི་གསུང་བཤད་ཀྱི་དགོངས་དོན་གཙོ་བོ་དང་རྒྱུན་ལས་ཀྲུའུ་ཞི་ཏིང་ཡས་ཤན་གྱིས་2017ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ཁྱབ་བསྒྲགས་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་གཙོ་བོ་སློབ་སྦྱོང་དང་བརྒྱུད་བསྒྲགས་གནང་བ་རེད།




