无障碍阅读 关怀版

རང་སྐྱོང་ལྗོངས་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་ཁོངས་མིའི་ཚོགས་འདུ་དང་2017ལོའི་འདོན་ཐེངས་པའི་5པའི་བཀས་བཅད་ཚོགས་འདུ་སྐོང་ཚོགས་བྱས་པ།

དུས་ཚོད། 2017-06-08 རྩོམ་པ་པོ སྐྱིད་ལུས། རྩོམ་སྒྲིག ཕྱོགས་བསྡུས་ཁྲུའུ།

2017ལོའི་ཟླ་5ཚེས་24ཉིན།རང་སྐྱོང་ལྗོངས་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་ཁོངས་མི་ལེགས་སྒྲིག་བྱས་རྗེས་ཀྱི་ཚོགས་འདུ་ཐེངས་དང་པོ་དང་2017ལོའི་འདོན་ཐེངས་པའི་5པའི་བཀས་བཅད་ཚོགས་འདུ་སྐོང་ཚོགས་བྱས་པ་རེད།རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་ཁོངས་མི།ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)བཀས་བཅད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་མཆོག་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོགརང་སྐྱོང་ལྗོངས་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།བཀས་བཅད་ཁྲུའི་ཁྲུའུ་ཀྲང་གིསབོད་རང་སྐྱོང་ལྗོངས་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་དགོངས་སྐོར་སྙན་ཞུའིརང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མཆན་བཀོད་བཀའ་ལན་དང་ལེགས་སྒྲིག་བྱས་རྗེས་ཀྱི་ཨུ་ཡོན་གྱི་མིང་ཐོ་སྒྲོག་སྦྱང་བྱས་པ་རེད།

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་ཧྲུའུ་ཅི་གཞོན་པ།ཀྲུའུ་རེན(ཅུད་ཀྲང་)   བཀས་བཅད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནོར་བུས་ཚོགས་ཞུགས་ཨུ་ཡོན་ལ་གདན་ཞུའི་ཡི་གེ་གནང་ཞིང་མཇལ་དར་སྒྲོན་པ་དང་སྦྲགས་ཨུ་ཡོན་རྣམ་པ་ཕེབས་པར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

ནོར་བུས་གསུངས་དོན།2005ལོར་བཀས་བཅད་ཨུ་ཡོན་ལྷན་ཁང་དབུ་བཪྙེས་ཚུན་ཨུ་ཡོན་རྣམ་པའི་སེམས་ཤུགས་གཅིག་སྒྲིལ་འོགབོད་ཡིག་ཐ་སྙད་བཀས་བཅད་ལས་དོན་ལ་གོང་འཕེལ་མྱུར་པོ་བྱུང་ཞིང་།དེ་སྔ་བར་ཐ་སྙད་དང་མིང་ཚིག་ཁྱོན་ཁྲི་གཅིག་ལ་ཉེ་བ་བཀས་བཅད་བྱས་པ་དེས་བོད་སྐད་ཡིག་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འགྱུར་རྒྱུར་གལ་ཆེའི་ནུས་པ་འདོན་ཡོད་ལ་སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་ཁས་ལེན་གང་ལེགས་ཐོབ་ཡོད།ཨུ་ཡོན་རྣམ་པས་མུ་མཐུད་རང་འགན་གཙང་སྒྲུབ་དང་།ཐེ་ཞུགས་ཧུར་ཐགའགན་འཁྲི་འཁུར་ཕོད་པ།གསར་གཏོད་བྱེད་མཁས་པ་བཅས་བྱས་ནས་བཀད་བཅས་ལས་དོན་ཏན་ཏིག་བསྒྲུབས་ཐོགབོད་ཡིག་ཐ་སྙད་བཀས་བཅད་ལས་དོན་ཚན་རིག་དང་མཐུན་པའི་གོང་འཕེལ་འགྲོ་རྒྱུར་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཚོགས་འདུའི་རྗེས་ལ་ཚོགས་ཞུགས་ཨུ་ཡོན་རྣམ་པས་གྲོས་བསྡུར་ཚ་ཚ་འུར་འུར་དང་བློ་བསྡུས་དགེ་འཚོལ་གྱིས་གསར་ཐོན་ཐ་སྙད་52ལ་བཀས་བཅད་གནང་བ་རེད།