无障碍阅读 关怀版

ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བརྡ་ཁྱབ་ཡིག་ཆ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་པའི་ཚོགས་འདུ་ཚོགས་པ།

དུས་ཚོད། 2018-01-24 རྩོམ་པ་པོ སྐྱིད་ལུས། རྩོམ་སྒྲིག

༢༠༡༧ལོའི་ཟླ་བ་༡༢་པའི་ཚེས་༥ཉིན། ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ལས་ཁུངས་སྒྲིག་བཤེར་ཨུ་ལྷན་གྱིས་ལས་བྱེད་ལས་བཟོའི་ཚོགས་འདུ་སྐོང་འཚོགས་བྱས་ནས་ལྗོངས་སྒྲིག་ཁྲིམས་ཞིབ་ཤེར་ཨུ་ལྷན་གྱི་འབྲེལ་ཡོད་ཡིག་ཆ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་རེད། འཇམ་དབྱངས་ཆོ་རྒྱལ་གྱིས་ཚོགས་འདུགཙོ་སྐྱོང་གནང་བ་རེད་

ཚོགས་འདུའི་ཐོག་ལས་ཁུངས་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་རིན་ཆེན་ནས་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཡིག་ཆ་བརྒྱུད་བསྒྲགས་བྱས་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ་ལས་བྱེད་ལས་བཟོ་ས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱས་ནས་བློ་མཐུན་ཞིས་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་གྱིས་མི་དམངས་སྣེ་ཁྲིད་ནས་བདེ་སྐྱིད་ཀྱི་འཚོ་བ་གཏོད་རྒྱུར་འབད་བརྩོན་བྱེད་དགོས་པ་དང་མི་དམངས་ཀྱི་ཁེ་ཕན་ལ་མཐོང་ཆེན་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལམ་ལུགས་སྒྲིག་སྲོལ་ཁག་ལ་སྲུང་བརྩི་ཞུ་བ་དང་རུལ་སུངས་ལ་ངོ་རྒོལ། ཁྲིམས་འགལ་གྱིས་གཞུང་རྒྱུ་ལྐོག་ཟ་བྱེད་པའི་རིགས་ལ་ངོ་རྒོལ་བཅས་ཀྱིས་ཏང་གི་སྲིད་སྐྱོང་རྨང་རྡོ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།