ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་༢༠༡༧ལོའི་ལས་བསྡོམས་དང་གཟེངས་བསྟོད་ཚོགས་ཆེན་སྐོང་བ།

༢༠༡༧ལོའི་ཟླ་༡༢ཚེས་༢༩ཉིན། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་ལས་དོན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་༢༠༡༧ལོའི་ལས་བསྡོམས་དང་གཟེངས་བསྟོད་ཚོགས་ཆེན་སྐོང་ཚོགས་བྱས་པ་རེད།
ཚོགས་འདུ་དེ་ཧྲུའུ་ཅི་ལི་ཅུན་ལུན་གྱིས་གཙོ་སྐྱོང་གནང་ཞིང་ལས་ཐོག་ཏུ་ཡོད་པའི་དབུ་ཁྲིད་དང་ལས་བྱ་ཡོངས་རྫོགས་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན(ཅུད་ཀྲང་)ནོར་བུས་ལས་ཁུངས་ཀྱི་ཚབ་ཞུས་ནས་༢༠༡༧ལོའི་ལས་དོན་ཁྱོན་ལ་ཡོངས་ནས་མཇུག་བསྡོམས་དང་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་བ་མ་ཟད་།
ལས་དོན་ཁྲོད་ལྷག་བསྡད་པའི་གནད་དོན་ཀྱང་བཏོན་པ་དང་དུས་མཚུངས། ༢༠༡༨ལོའི་ལས་དོན་ཡང་བཀོད་སྒྲིག་གནང་།
ཚོགས་འདུའི་ཐོག་ཕུལ་བྱུང་གཞུང་ལས་པ་༡༠དང་སྔོན་ཐོན་ལས་བྱ་༢
སྔོན་ཐོན་མཉམ་སྡེབ་ཚན་པ་༡བཅས་ལ་གཟེངས་བསྟོད་བྱ་དགའ་སྤྲད་ཡོད་ཅིང་། རེ་བ་བཏོན་པར། ལས་མི་ཡོངས་ཀྱིས་གཅིག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་དགོས་པ་དང་།
ཏང་ཡོན་ཚང་མས་ཏང་གི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས།
གཞི་རྩའི་འཐབ་ཕྱོགས་སོགས་ངེས་པར་དུ་གསལ་པོ་ཤེས་དགོས་པ་དང་། གཉིས་ནས་ལས་ཀའི་སྤྱོད་ཚུལ་ལ་བསྒྱུར་བཅོས་དང་གསར་འབྱེད་ཡར་ཐོན།
གསར་གཏོད་བཅས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་།
ལྗོངས་ཏང་ཨུད་ཀྱི་སྲུང་བྱ་རྣམ་བཅུ། བླང་བྱ་ཁག་དགུ་བཅས་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་པ།
གསུམ་ནས་འབད་བརྩོན་ལྷོད་མེད་ཀྱིས་མིག་སྔའི་ལས་དོན་ཁག་ལེགས་པར་བསྒྲུབ་དགོས་ཤིང་། ལྷག་པར་དུ་ཚོགས་འདུ་གཉིས་ཀྱི་འབྲེལ་ཡོད་ཡིག་ཆའི་ཡིག་སྒྱུར་དང་པར་འདེབས་ལས་དོན་ཏན་ཏིག་གིས་བསྒྲུབས་ཏེ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་རིང་གི་བརྟན་ལྷིང་སྡོད་བྱ་ཡག་པོ་སྡོད་དགོས་ཞེས་གསུངས།



