无障碍阅读 关怀版

གཅེས་སེམས་འཕུལ་ནས་གསུམ་བརྒྱད་དུས་ཆེན་བསུས།

དུས་ཚོད། 2018-03-14 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ལས་ཁུངས་ཏང་ཨུད།

༢༠༡༨ལོའི་གསུམ་བརྒྱད་བུད་མེད་དུས་ཆེན་ཉིན། ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གིས་བུད་མེད་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ར་ཡུལ་ཤང་སྐྱིད་ཁོངས་གྲོང་ཚོའི་བུད་མེད་དབུལ་ཕོངས་རྣམས་ལ་འཚོ་བའི་རོགས་དངུལ་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོའི་ཁྱོན་དངུལ་གྲངས་སྒོར་༥༣༠༠བྱུང་བ་དེ་ལས་ཁུངས་ཀྱི་བཅའ་སྡོད་ལས་དོན་རུ་ཁག་བརྒྱུད་སྐྱིད་ཁོངས་གྲོང་ཚོའི་དབུལ་ཕོངས་བུད་མེད་རྣམས་ལ་སྤྲོད་རྒྱུ་ཡིན་པ་རེད། ཞལ་འདེབས་འབུལ་བའི་བྱེད་སྒོ་མཇུག་སྒྲིལ་རྗེས། རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་ལ་བསུ་བ་ཞུས་ཐོག དུས་རབས་གསར་པའི་བུད་མེད་ཀྱི་སྙིང་སྟོབས་མངོན་ཆེད། ལྗོངས་བོད་སྐད་ཨུད་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་བུད་མེད་རྣམས་ཀྱིས་ཕིང་ཕང་སྤོ་ལོའི་འགྲན་བསྡུར་སོགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།