རང་ལྗོངས་ཀྱི་རྒྱ་བོད་སྐད་གཉིས་ཡིག་སྒྱུར་མི་སྣ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཟབ་སྦྱོང་དུ་བསྐྱོད་པ།

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་གི་ “ལོ་ལྔ་ཚན་བཅུ་གསུམ་”པའི་རིང་བོད་ལྗོངས་ཀྱི་རྒྱ་བོད་སྐད་གཉིས་ཡིག་སྒྱུར་ཤེས་ལྡན་པ་གསོ་སྦྱོང་བྱེད་པའི་གྲོས་དན་འཁེལ་དོན་བཞིན།
ཟླ་༣ཚེས་༨ཉིན་བོད་ལྗོངས་ཀྱི་ཡིག་སྒྱུར་འཐབ་ས་དང་པོར་ཕྱག་ལས་གནང་བཞིན་པའི་ལས་བྱེད་པ་མི་བཞི་ནུང་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་དུ་འབྱོར་ཐོ་བཀོད་ཅིང་།
དུས་ཡུན་ཟླ་བ་བཞི་ཡི་རིང་གི་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་གི་ཡོན་ཀྲང་དཔལ་ཆེན་རྒྱལ་གྱིས་གཙོས་པའི་འབྲེལ་ཡོད་དབུ་ཁྲིད་དང་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།
སྐད་ཡིག་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་འཇིགས་མེད་རྡོ་རྗེ་བཅས་ལྷན་ཞུགས་ཀྱིས་ཚོགས་འདུ་སྐོང་ཚོགས་བྱས་ནས་ཟབ་སྦྱོང་དུ་ཕེབས་མཁན་སློབ་མ་རྣམས་ལ་དགའ་བསུ་དང་སྦྲགས་དུས་ཡུན་ཟླ་བ་བཞི་རིང་གི་སློབ་སྦྱོང་འཚོ་བའི་ཐད་འབྲེལ་ཡོད་ཀྱི་བླང་བྱ་ཡང་བཏོན་ཡོད་པ་རེད།



