无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་གིས་མི་རིགས་སྐད་ཡིག་ལས་དོན་འཕྲིན་དེབ་ཀྱི་མཉམ་འབྲེལ་ཚོགས་འདུར་ཞུགས་པ།

དུས་ཚོད། 2018-04-25 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ཚན་ཞིབ་ཁྲུའུ།

༢༠༡༨ལོའི་ཟླ་༤ཚེས་༣ཉིན། མི་རིགས་སྐད་ཡིག་ལས་དོན་གྱི་འཕྲིན་དེབ་མཉམ་འབྲེལ་ཚོགས་འདུ་པེ་ཅིན་དུ་སྐོང་འཚོགས་བྱས་ཤིང་། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ཀྲེང་ཝེ་ཀྲུང་ཚོགས་ཞུགས་གནང་ཡོད། ཐེངས་འདིའི་ཚོགས་འདུར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་ནས་ཕེབས་པའི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མི་རིགས་སློབ་གླིང་། དེ་མིན་ཞིབ་འཇུག་ཁང་བཅས་ཀྱི་རོགས་གཅིག་མཁའ་དབང་མི་གྲངས་༤༠ཙམ་ཚོགས་ཞུགས་གནང་ཡོད།

ཐེངས་འདིའི་ཚོགས་འདུར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་བའི་ལོ་ཤས་ནང་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་། ༢༠༡༨ལོའི་ལས་དོན་ལ་འཆར་འགོད་མཇུབ་སྟོན་གནང་ཡོད་པ་མ་ཟད། ས་ཁུལ་ཁག་ནས་ཕེབས་པའི་ཚོགས་ཞུགས་མི་སྣར་འབྱུང་འགྱུར་གྱི་མི་རིགས་སྐད་ཡིག་ལས་དོན་ཐད་བླང་བྱ་ནན་པོ་བཏོན་གནང་ཡོད་པ་རེད།

མི་རིགས་སྐད་ཡིག་ལས་དོན་འཕྲིན་དེབ་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་དུས་དེབ་ཀྱི་བསམ་ཕྱོགས་དང་འཆར་འགོད་སྐོར་ལ་གསལ་འགྲེལ་ཞུས་ཡོད་ལ། ནང་སོག་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཞིང་ཆེན་༡༨གྱིས་རང་ས་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་སྤེལ་ཚུལ་ཚོགས་འདུར་བགྲོ་གླེང་གནང་ཞིང་། ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ཀྲེང་ཝེ་ཀྲུང་ནས་ལམ་ལུགས་འཐུས་ཚང་དང་། ཁྲིམས་ལུགས་འཛུགས་སྐྱོང་། རྒྱ་བོད་ཡིག་སྒྱུར། སྤྱི་ཚོགས་སྤྱོད་ཡིག ཐ་སྙད་བཀས་བཅད་གཏན་འབེབས། བོད་ཡིག་ཆ་འཕྲིན་ཅན་གྱི་ལས་དོན། རྒྱ་བོད་སྐད་གཉིས་ཤེས་ལྡན་པའི་གསོ་སྐྱོང་སོགས་ཀྱི་ཐད་ནས་བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་སྤེལ་ཚུལ་ངོ་སྤྲོད་གནང་ཡོད།