无障碍阅读 关怀版

འཇམ་དབྱངས་མཆོག་རྒྱལ་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་འཚམས་འདྲི་དང་ལས་དོན་མཇུབ་སྟོན་གནང་བ།

དུས་ཚོད། 2018-04-25 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ལས་ཁུངས་ཏང་ཨུད།

        ཟླ་༣ཚེས་༡༤ཉིན།   ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུདཀྱི་ཀྲུའུ་རེན་གཞོན་པཅུད་ཀྲང་གཞོན་པའཇམ་དབྱངས་མཆོག་རྒྱལ་གྱིས་གཙོས་པའི་འབྲེལ་ཡོད་ལས་བྱ་མི་སྣ་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྗོང་ར་ཡུལ་ཤང་སྐྱིད་ཁོངས་གྲོང་ཚོར་ཕེབས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་འཚམས་འདྲི་གནང་བ་དང་སྦྲགས་ལས་དོན་མཇུབ་སྟོན་གནང་བ་རེད།

འཇམ་དབྱངས་མཆོག་རྒྱལ་གྱིས་གྲོང་ཚོར་བཅ་སྡོད་ལས་དོན་རུ་ཁག་གིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྤེལ་ཚུལ་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བ། ལས་དོན་རུ་མིའི་འཚོ་བ་དང་ལུས་ཁམས་བདེ་ཐང་སོགས་ཀྱི་གནད་དོན་ཤེས་རྟོགས་གནང་བ་མ་ཟད་སྐྱིད་ཁོངས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་འཚམས་འདྲིའི་དངུལ་ཀྱང་འཕུལ་གནང་བ་དང་ཆབ་ཅིག་ངེད་ལས་ཁུངས་ཀྱི་བུད་མེད་ལས་བཟོ་རྣམས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་བྱུང་བའི་ཞལ་འདེབས་ཀྱི་རོགས་དངུལ་དང་གྱོན་ཆསདངོས་ཟོག་བཅས་ལས་དོན་རུ་ཁག་བརྒྱུད་ནས་སྐྱིད་ཁོངས་གྲོང་ཚོའི་དབུལ་ཕོངས་དུད་ཁྱིམ་ལ་ཞལ་འདེབས་སུ་འཕུལ་བ་རེད།

འཇམ་དབྱངས་མཆོག་རྒྱལ་གྱིས་ལས་དོན་རུ་ཁག་གི་ཁོངས་མི་རྣམས་ཀྱིས་ངེས་པར་དུ་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོར་འཛིན་ནས་ཕན་ཚུན་མཐུན་སྒྲིལ་དང་ལས་གནས་བརྟན་སྲུང་། ལས་དོན་རུ་ཁག་གི་ལས་འགན་བདུན་པོ་ལེགས་སྒྲུབ། རེས་འཁོར་ངལ་གསོ་དང་དགོངས་ཞུའི་ལམ་ལུགསབཅས་ཀྱི་ཐད་བླང་བྱ་ནན་པོ་བཏོན་གནང་ཡོད།