无障碍阅读 关怀版

ལྗོངས་དང་གྲོང་ཁྱེར་རིམ་གཉིས་མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་ལྷ་སའི་ཁེ་ལས་སུ་བསྐྱོད་ནས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ལ་ལྟ་སྐུལ་གཟིགས་ཞིབ་གནང་བ།

དུས་ཚོད། 2018-04-25 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག སྐད་ཡིག་དོ་དམ་ཁྲུའུ།

    ཟླ་༣ཚེས་༢༧ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་བོད་སྐད་ཨུད་རྩོམ་སྒྱུར་ཅུདཀྱི་ཀྲུའུ་རེན་གཞོན་པ་བློ་མཐུན་ལྕགས་ར་བློ་བཟང་བསྟན་འཛིན་གྱི་བཀའ་མངག་བཞིན།  རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུདཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པཅུད་ཀྲང་གཞོན་པཕུར་བུ་བསམ་གྲུབ་དང་ཚད་ལྡན་ཁྲུའི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོ། སྐད་ཡིག་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་འཇིགས་མེད་རྡོ་རྗེ། ལྷ་ས་གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུདཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ཅུད་ཀྲང་ཞང་ཆུང་བཅས་ལས་གྲུབ་པའི་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་རིམ་གཉིས་མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་ལྗོངས་ས་མཐོའི་ནོར་བུ་འབྲིའི་འོ་ལས་མ་རྐང་ཚད་ཡོད་ཀུང་སིར་བསྐྱོད་ནས་ཚན་པ་འདི་གའི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ལ་ལྟ་སྐུལ་གཟིགས་ཞིབ་གནང་བ་རེད།