བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལས་དོན་ཚོགས་ཆུང་གིས་ལྷ་ས་གླིང་ཕྲན་གཉིས་ཁྲོམ་གཞུང་དོན་གཅོད་ཁང་དུ་ཕེབས་ནས་བོད་སྐད་ཡིག་ལས་དོན་སྐོར་ལ་གཟིགས་སྐོར་རྟོག་ཞིབ་གནང་བ།
༢༠༡༨ལོའི་ཟླ་༥ཚེས༤ཉིན། ལྗོངས་བོད་སྐད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)ཕུར་བུ་བསམ་གྲུབ་ཀྱིས་སྣེ་ཁྲིད་གནང་བའི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ཚོགས་ཆུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་གླིང་ཕྲན་གཉིས་ཁྲོམ་གཞུང་དོན་གཅོད་ཁང་དུ་ཕེབས་ནས་བོད་སྐད་ཡིག་ལས་དོན་སྐོར་ལ་གཟིགས་སྐོར་རྟོག་ཞིབ་གནང་བ་རེད།
ཐེངས་འདིའི་ལས་དོན་ཚོགས་ཆུང་ནི་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར།
ཁྲེང་ཀོན་ཆུད་བཅས་རིམ་པ་གསུམ་གྱི་བོད་སྐད་ཡིག་ལས་དོན་ཚན་པ་ལས་གྲུབ་ཅིང་།
ལས་དོན་ཚོགས་ཆུང་གིས་གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་དོན་གཅོད་ཁང་གི་ཏང་དམངས་ཞབས་ཞུ་ལྟེ་གནས་དང་།
སྐད་གཉིས་རིག་གནས་བྱེད་སྒོ་ཁང་། དཔེ་ཀློག་ཁང་། སྦྱོང་བརྡར་འཛིན་གྲྭ་བཅས་སུ་ཕེབས་ནས་བོད་སྐད་ཡིག་ལས་དོན་སྤེལ་ཚུལ་སྐོར་ལ་གཟིགས་ཞིབ་གནང་བ་དང་སྦྲགས།
གླིང་ཕྲན་གཉིས་ཁྲོམ་གཞུང་དོན་གཅོད་ཁང་གི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་
གྱི་ལས་ཀའི་འཆར་འགོད་ཡིག་ཚགས་དང་། སློབ་སྦྱོང་བྱེད་སྒོའི་འཆར་གཞི།
དེ་བཞིན་འབྲེལ་ཡོད་ཀྱི་ཡིག་ཚགས་གཞན་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་གནང་བ་རེད།
གཞན་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་དོན་གཅོད་ཁང་གི་འབྲེལ་ཡོད་མི་སྣ་དང་ལྷན་དུ་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བླང་བྱ་ཡང་སྟོན་ཡོད།
ཕུར་བུ་བསམ་གྲུབ་ཀྱིས་གླིང་ཕྲན་གཉིས་དོན་གཅོད་ཁང་གིས་ཉེ་བའི་ལོ་ཤས་རིང་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ལ་འབད་འབུངས་ཆེར་བསྐྱེད་ཀྱིས་གྲུབ་འབྲས་ཀྱང་ཕུལ་དུ་བྱུང་བ་ཐོབ་པར་གདེང་འཇོག་ཚད་མེད་གནང་བ་དང་།
ལྷག་པར་དུ་དོན་གཅོད་ཁང་གིས་བྱེད་སྒོ་སྣ་ཚོགས་ཀྱི་ལམ་ནས་བོད་སྐད་ཡིག་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དེ་ནི་ཚན་པ་གཞན་གྱིས་སློབ་སྦྱོང་དང་མིག་དཔེར་འོས་པ་ཞིག་ཡིན་ཞེས་གསུངས་ཡོད།