ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཚན་ཞིབ་ཁྲུས་སྣེའུ་བྲིས་འཁྱུག་ཡིག་རྩིས་འཕྲུལ་ཡིག་མཛོད་གསར་སྤེལ་རྣམ་གྲངས་ཀྱི་གྲུབ་འབྲས་ལན་སྤྲོད་ཚོགས་འདུ་སྐོང་འཚོགས་གནང་བ།

༢༠༡༨ལོའི་ཟླ་༤ཚེས་༢༥ཉིན།
རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཚན་ཞིབ་ཁྲུས་སྣེའུ་བྲིས་འཁྱུག་ཡིག་རྩིས་འཕྲུལ་ཡིག་མཛོད་གསར་སྤེལ་རྣམ་གྲངས་ཀྱི་གྲུབ་འབྲས་ལན་སྤྲོད་ཚོགས་འདུ་སྐོང་འཚོགས་གནང་བ་རེད།
རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་སྐོར་ཞིབ་པ་གཞོན་པ་ལྷག་ཆུང་དང་།
རྣམ་གྲངས་གསར་སྤེལ་ཚོ་ཆུང་གི་ཁོངས་མི། བོད་ཡིག་ཡིག་གཟུགས་མཁན་ཅན།
ཞུས་ཆེན་ལོ་ཙྰ་བ་ཚེ་རིང་དོན་གྲུབ། བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། ལྷ་ས་སྤུས་ལེགས་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱི་འབྲེལ་ཡོད་མི་སྣ་ད་ཐེངས་ཀྱི་ཚོགས་འདུར་བཞུགས་ཡོད་པ་རེད།
ཐོན་མིའི་ཕྱག་རྒྱུན་སྣེའུ་བྲིས་འཁྱུག་ཡིག་ཡིག་མཛོད་གསར་སྤེལ་རྣམ་གྲངས་ནི་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་ཞིང་།
ཚོགས་འདུའི་ཁྲོད་འབྲེལ་ཡོད་དབུ་ཁྲིད་དང་ཆེད་ལས་མཁས་པས་རྣམ་གྲངས་གསར་སྤེལ་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མེད་གནང་བ་དང་སྦྲགས།
ཡིག་མཛོད་གསར་སྤེལ་གྱི་མ་ལག་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་ཡོང་ཆེད་ཚོགས་བཞུགས་མི་སྣས་སོ་སོའི་བསམ་འཆར་ལྷུག་བརྗོད་གནང་ཞིང་།
རྣམ་གྲངས་ཀྱི་འབྲེལ་ཡོད་གནད་དོན་ལ་བསྐྱར་ཞིབ་ལེགས་བཅོས་ཟིན་རྗེས། ཟླ་༥ཟླ་མཇུག་ལ་རྩིས་སྤྲོད་རྩིས་ལེན་གྱི་ཚོགས་འདུ་སྐོང་ཚོགས་གནང་ཐོག
ཡིག་མཛོད་དེ་རིན་མེད་ཕབ་ལེན་གྱིས་བེད་སྤྱོད་གནང་རྒྱུར་གཏན་འཁེལ་བྱས་ཡོད་པ་རེད།



