无障碍阅读 关怀版

“རྩོམ་སྒྱུར་འཆད་ཁྲིད”སྟེགས་བུ་སྤྱད་ནས་ལོ་ཙྰའི་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་བྱས་པ།

དུས་ཚོད། 2018-06-07 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ལས་ཁུངས་ཏང་ཨུད།

རྒྱ་བོད་ལོ་ཙྰ་ལས་བྱའི་འབྲེལ་ཡོད་ཤེས་བྱ་དང་ཡིག་སྒྱུར་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུདལས་ཁུངས་ཏང་ཨུད་ཀྱི་བཀའ་མངག་བཞིནརྩོམ་སྒྱུར་འཆད་ཁྲིདསྟེགས་བུ་སྤྱད་ནས་རྒྱ་བོད་ལོ་ཙྰའི་འབྲེལ་ཡོད་ཤེས་བྱའི་འཆད་ཁྲིད་ཀྱི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་འཆད་ཁྲིད་བྱེད་སྒོ་ནི་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུདགི་ཀྲུའུ་རན་གཞོན་པཅུད་ཀྲང་གཞོན་པ ལྗོངས་ལོ་ཙྰ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་ཚེ་རིང་གཡུ་སྒྲོ་གྱིས་གཙོ་སྐྱོང་གནང་ཞིང་། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུདབཀས་བཅད་ཁྲུའི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོས་རྒྱ་བོད་ལོ་ཙྰའི་འབྲེལ་ཡོད་ཤེས་བྱའི་སྐོར་ལ་འཆད་ཁྲིད་གནང་ཡོད། ལྗོངས་ཏང་ཨུདབོད་ལྗོངས་གསར་པདུས་དེབ་རྩོམ་སྒྲིག་ཁང་དང་། ལྗོངས་ཏང་ཨུད་དོན་གཅོད་ཐིང་རྩོམ་སྒྱུར་ཁང་། ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཐིང་རྩོམ་སྒྱུར་ཁང་། དེ་བཞིན་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་ རྩོམ་སྒྱུར་ཅུདདུ་སློབ་སྦྱོང་ལ་ཕེབས་པའི་ལྷོ་ཁ་དང་། ཉིང་ཁྲི། ཆབ་མདོ་སོགས་གཞི་རིམ་རྩོམ་སྒྱུར་མི་སྣ། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་ རྩོམ་སྒྱུར་ཅུདགི་རྒྱ་བོད་ལོ་ཙྰའི་ལས་བྱ་ཡོངས་རྫོགས་བཅས་འཆད་ཁྲིད་ཉན་པར་ཞུགས་ཡོད།

ཡེ་ཤེས་བཟང་པོས་རྒྱ་བོད་ལོ་ཙྰའི་ལག་ལེན་དང་སྒྱུར་ཐབས་ཐད་ནས་འཆད་ཁྲིད་གནང་བ་སྟེ། རྒྱལ་ཕྱི་རྒྱལ་ནང་དང་། ལྷག་པར་བོད་ཀྱི་ལོ་ཙྰའི་ལོ་རྒྱུས་གོ་བདེ་དོན་ཟབ་ཀྱིས་བརྗོད་པ་དང་གཅིག ཏང་དང་རྒྱལ་ཁབ་ཀྱི་འཐབ་ཕྱོགས་སྲིད་ཇུས་བརྒྱུད་བསྒྲགས་བྱེད་པའི་ཁྲོད་དུ་རྒྱ་བོད་ལོ་ཙྰའི་ལས་རིགས་ཀྱིས་བཟུང་བའི་གལ་ཆེའི་གནས་བབ་བརྗོད་པ་དང་གཉིས། རྒྱ་བོད་ལོ་ཙྰའི་རྩ་དོན་ནམ་ཚད་གཞི་དང་སྒྱུར་རིམ་ཁྲོད་ཀྱི་ཟབ་ཆ་གླེང་བ་དང་གསུམ། སྒྱུར་ཐབས་ཁག་ལ་གསལ་འགྲེལ་གྱིས་འགྱུར་མ་ཁ་གསལ་གོ་བདེ་ཡོང་བའི་བླང་བྱ་བརྗོད་པ་དང་བཞི ཐ་སྙད་དང་བརྡ་ཆད་འགའ་ཞིག་དཔེ་རུ་བཟུང་ནས་དེའི་སྒྱུར་ཐབས་དང་ཟབ་ནན་བྱེད་དགོས་པའི་ཆ་བརྗོད་པ་དང་ལྔ་བཅས། མདོར་ན་རྒྱ་བོད་ལོ་ཙྰའི་འགྱུར་མ་དོན་དང་མི་འགལ་ཞིང་ཁ་གསལ་གོ་བདེ་དང་། འགྱུར་མའི་མཛེས་འཆོས་ཐད་མ་ཡིག་གི་གསོན་ཉམས་ཡོངས་སུ་ལྡན་པ་བྱ་རྒྱུའི་ཐད་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ནས་དུས་ཡུན་ཆུ་ཚོད་གསུམ་ལ་ཉེ་བའི་འཆད་ཁྲིད་གནང་བ་རེད། འཆད་ཁྲིད་གནང་བ་བརྒྱུད་འཆད་ཁྲིད་ཉན་མཁན་ལོ་ཙྰ་བ་རྣམས་ལ་ལོ་ཙྰའི་ལས་རིགས་ཀྱི་འགན་འཁྲིའི་བསམ་བློ་དང་། སྒྱུར་ཐབས་སྒྱུར་རྩལ།  སྒྱུར་གྱི་གནད་འགག་ཐག་གཅོད་སོགས་གང་ས་ཅི་ཐད་ནས་ཕན་པ་ཆེན་པོ་བསྐྲུན་ཡོད་པ་རེད། 

ཚེ་རིང་གཡུ་སྒྲོ་གྱིས་དུས་རབས་གསར་པའི་རྒྱ་བོད་ལོ་ཙྰ་བས་ལོ་ཙྰའི་གཞུང་ལུགས་ལ་ཉམས་ལེན་ཧུར་ཐག་བྱེད་དགོས་པའི་གལ་ཆེའི་རང་བཞིན་དང་། ལོ་ཙྰ་ལག་ལེན་ཁྲོད་འགྱུར་མ་བོད་ཀྱི་བརྡ་སྤྲོད་དང་མཐུན་ཞིང་ནང་དོན་མ་ཡིག་ལས་མི་འགལ་བའི་གནད་འགག ལོ་ཙྰའི་ལས་རིགས་ཁག་གིས་རྒྱ་བོད་ལོ་ཙྰའི་བྱ་གཞག་འདི་ཉིད་སྔར་ལས་ལེགས་སུ་གཏོང་བའི་ཐུན་མོང་གི་དམིགས་ཡུལ་ཆེད། ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་ཀྱི་བྱེད་སྒོ་གང་མང་སྤེལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ཡོད།