无障碍阅读 关怀版

《ཐོན་མིའི་ཕྱག་རྒྱུན་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེ་མོར་བྱ་དགའ་ཐོབ་པའི་ཡིག་གཟུགས་ཕྱོགས་བསྒྲིགས》 དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་པར་འགྲེམས་བྱས་པ།

དུས་ཚོད། 2018-08-22 རྩོམ་པ་པོ རྩོམ་སྒྲིག

ཉེ་དུས།   བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ནས་པར་དུ་སྒྲིག་པའི<<ཐོན་མིའི་ཕྱག་རྒྱུན་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེ་མོར་བྱ་དགའ་ཐོབ་པའི་ཡིག་གཟུགས་ཕྱོགས་བསྒྲིགས>>དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་པར་འགྲེམས་བྱས་པ།

བོད་ཡིག་ཡིག་གཟུགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རིག་གནས་ཀྱི་སྙིང་བཅུད་ལྡན་པ་དང་སྒྱུ་རྩལ་གྱི་ཆ་ཤིན་ཏུ་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། དེ་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ངོ་མཚར་ཁྱད་དུ་འཕགས་པའི་ཤེས་རིག་གི་ནོར་བུ་ལྟ་བུར་གྱུར་ཡོད་ལ། དེས་ཀྲུང་ཧྭ་མི་རིགས་རིག་གནས་བང་མཛོད་ནང་དུ་གནས་བབ་ངེས་ཅན་ཞིག་བཟུང་ཡོད།

བོད་ཀྱི་ཐུན་མོང་ཡིན་པའི་ཡིག་གཟུགས་སྒྱུ་རྩལ་མ་ཉམས་གོང་འཕེལ་གྱི་རྣམ་པ་ཡོངས་སུ་མཚོན་ཐུབ་པ་དང་། གངས་ལྗོངས་ཀྱི་ཡིག་གཟུགས་ལ་དགའ་ཞེན་ཆེ་བའི་སྐྱེ་བོ་རྣམས་ཀྱི་ཆེས་ཕུན་སུམ་ཚོགས་པའི་ཡིག་གཟུགས་པིར་རྩལ་གྱི་ཉམས་བཟང་ཡོངས་སུ་མངོན་ཆེད།  ༢༠༡༥ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་མཚམས་སུ། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་ནས་གཙོ་འགན་འཁུར་ཏེ་ཐོན་མིའི་ཕྱག་རྒྱུན་ཞེས་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེ་མོ་ཞིག་སྤེལ་བ་དེ་བོད་ཡིག་ཡིག་གཟུགས་ལ་དགའ་ཞེན་ཆེ་བའི་སྐྱེ་བོ་རྣམས་ཀྱི་དགའ་མགུ་ཡིད་ཚིམས་ཀྱི་སྟོན་མོ་ཆེ་མོ་ཞིག་ཏུ་གྱུར།

ཡིག་གཟུགས་འགྲན་བསྡུར་ཁྲོད་བོད་ཡིག་ཡིག་གཟུགས་ལ་དགའ་ཞེན་ཆེ་བའི་ས་ཕྱོགས་ཁག་གི་ཡིག་གཟུགས་མཁས་པ་རྣམས་ཀྱིས་འགྲན་བསྡུར་ནང་ཚ་ཚ་འུར་འུར་གྱིས་ཞུགས་ཤིང་། ཁྱོན་འགྲན་ཞུགས་མི་གྲངས་༦༠༠ལྷག་ཙམ་དང་ཡིག་གཟུགས་བརྩམ་ཆོས་༡༨༨༠ལྷག་ཙམ་འབྱོར་བ་དེ་སྔར་བྱུང་མྱོང་མེད་ཅིང་བསམ་ཡུལ་འདས་པ་ཞིག་ཡིན།

འགྲན་བསྡུར་གྱི་བྱ་དགའི་དཔྱད་འདེམས་ཐད་དབུ་ཅན་དང་།   ཚུགས།  འབྲུ་ཚ།  འཁྱུག་ཡིག  དཔེ་ཚུགས།  མཛེས་རྩལ་གཟུགས།  སློབ་མའི་ཡིག་གཟུགས་བཅས་རིགས་ཁག་བདུན་ལ་དབྱེ་ཐོག  རིགས་ཁག་སོ་སོ་ལའང་བྱ་དགའ་རིམ་པ་དང་པོ་གཅིག་དང་།   རིམ་པ་གཉིས་པ་གཉིས།  རིམ་པ་གསུམ་པ་གསུམ།  རིམ་པ་བཞི་པ་བཅས་སུ་དབྱེ་ནས་འགྲན་བསྡུར་བྱས་པ་དང་། ཡིག་གཟུགས་དཔྱད་འདེམས་ཐད་ཆེད་མངགས་བོད་རང་སྐྱོང་ལྗོངས་ཡིག་མཁན་མཐུན་ཚོགས་ཀྱི་མཁས་པ་གདན་ཞུས་ཀྱིས་དཔྱད་འདེམས་བྱས་ཤིང་།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་གཟེངས་བསྟོད་ཚོགས་འདུ་སྐོང་ཚོགས་ཀྱིས་བྱ་དགའ་གནང་བ་མ་ཟད།   ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་༢༠༡༦ལོའི་བོད་ལྗོངས་འགྲེམས་ཚོགས་ཐོག་འགྲེམས་སྟོན་བྱས

ཡིག་གཟུགས་འགྲན་བསྡུར་ཆེ་མོའི་གྲུབ་འབྲས་རྣམས་ཀུན་གྱི་སྤྱན་ལམ་དུ་ཕུལ་ནས་བོད་ཡིག་ཡིག་གཟུགས་འཛིན་སྐྱོང་གང་ལེགས་ཡོང་ཆེད། ངེད་གཙོ་འགན་ཚན་པས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་ཡིག་གཟུགས་དང་བོད་ཡིག་ཡིག་གཟུགས་མཁས་པ་ཁག་གཅིག<<ཐོན་མིའི་ཕྱག་རྒྱུན་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེ་མོར་བྱ་དགའ་ཐོབ་པའི་ཡིག་གཟུགས་ཕྱོགས་བསྒྲིགས>>ཞེས་སུ་པར་དུ་སྒྲིག་སྟེ་ཏེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་པར་འགྲེམས་བྱས་པ།