无障碍阅读 关怀版

ཀྲུང་གོ་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བདུན་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིན་དུ་སྐོང་འཚོགས་བྱས་པ།

དུས་ཚོད། 2018-12-05 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག བོད་རང་སྐྱོང་ལྗོངས་ལོ་ཙྰ་བ་མཐུན་ཚོགས།

༢༠༡༨ལོའི་ཟླ་༡༡ཚེས་༡༨ཉིན། ཀྲུང་གོ་ལོ་ཙྰ་བའི་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བདུན་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིན་དུ་སྐོང་འཚོགས་བྱས་པ་རེད། ཐེངས་འདིའི་ཚོགས་འདུར་རྒྱལ་ཡོངས་ས་གནས་ཁག་གི་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་འཛིན་ཁྱོན་མི་གྲངས་༢༠༠ལྷག་ཙམ་ཞུགས་ཡོད་པ་དང་། རྒྱལ་ཡོངས་ལོ་ཙྰ་བའི་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བདུན་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་བློ་མཐུན་ཝང་ཀང་དབྱི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ཚོགས་གཙོ་ཀྲོའུ་མིང་ཝེ་ཡི་སྙན་ཞུ་གནང་བའི<<སྒྱུར་བཅོས་སྒོ་དབྱེར་ཞབས་ཞུ་བསྒྲུབ་ནས་སྐད་བརྡར་ཞབས་ཞུའི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྒོ་མོ་ཕྱེ་དགོས>> ཞེས་པའི་ཀྲུང་གོ་ལོ་ཙྰ་བ་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བདུན་པའི་ལས་དོན་སྙན་ཞུ་དང་། རྒྱུན་ལས་ཚོགས་གཙོ་གཞོན་པ་བློ་མཐུན་ཧོང་ཡིའུ་དབྱི་ཡིས་སྙན་སྒྲོན་ཞུས་པའི<<ཡན་ལག་ཚན་པ་འགའ་ཞིག་གི་འགོ་ཁྲིད་ཁོངས་མི་སྙོམས་སྒྲིག་བྱས་ཚུལ་སྐོར་གྱི་གསལ་བཤད>>ལ་ཐུན་མོང་ཐོག་གྲོས་འཆམ་བྱུང་ཡོད་པ་དང་ཆབས་ཅིག  ཝང་ཀང་དབྱི་ཡིས་༢༠༡༨ལོའི་ལོ་ཙྰ་བའི་ཚེ་གང་གྲུབ་འབྲས་བྱ་དགའ་དང་ལོ་ཙྰ་མཁས་དབང་གི་མཚན་སྙན་ཐོབ་མིར་གཟེངས་བསྟོད་བྱ་དགའ་གནང་ཞིང་། ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་ཐོག་རྒྱལ་ནང་གི་ལོ་ཙྰ་བ་གྲགས་ཅན་ཁྱོན་མི་གྲངས་ཉིས་བརྒྱར་ཉེ་བར་ལོ་ཙྰ་མཁས་དབང་གི་མཚན་སྙན་བྱ་དགའ་གནང་ཡོད།

 

བོད་རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་འཛིན་དང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་རྩོམ་སྒྱུར་ཅུདགི་ཅུད་ཀྲང་གཞོན་པ་དང་ཀྲུའུ་རེན་གཞོན་པབོད་རང་སྐྱོང་ལྗོངས་ལོ་ཙྰ་བ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་ཚེ་རིང་གཡུ་སྒྲོལ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་། བོད་ལྗོངས་ལོ་ཙྰ་བ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཀྲ་ཤིས་དཔལ་ལྡན། ལོ་ཙྰ་མཁས་དབང་གི་མཚན་སྙན་ཐོབ་མཁན་འཐུས་མི་ཚེ་རིང་དོན་གྲུབ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད་པ་རེད།