ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཉེར་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༧༠དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་༦༠འཁོར་བར་རྟེན་འབྲེལ་ཞུ་ཆེད།
ཟླ་༣ཚེས་༨ཉིན།
ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་དུས་སྐབས་དང་བསྟུན་ནས“མེས་རྒྱལ་ལ་བསྟོད་གླུ་ཕུལ་ནས་བུད་མེད་ཀྱི་ཉམས་བཟང་མངོན་པར་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ་རེད།
ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)ཧེ་ཕེང་དང་། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུད་ཀྲང་ནོར་བུ། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)འཇམ་དབྱངས་མཆོག་རྒྱལ། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)ཚེ་རིང་གཡུ་སྒྲོན།
སྐོར་ཞིབ་པ་གཞོན་པ་ལྷག་ཆུང་བཅས་ཚོགས་འདུར་ཞུགས་ཡོད།
འཇམ་དབྱངས་མཆོག་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། བློ་མཐུན་ནོར་བུས་ལས་ཁུངས་ཀྱི་ཚབ་ཞུས་ནས་ལས་ཐོག་ཏུ་ཡོད་པའི་བུད་མེད་ལས་བྱེད་ལས་བཟོ་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་བའི་གཏམ་བཤད་གནང་བ་རེད།

ཐེངས་འདིའི་བྱེད་སྒོ་ནི་ལས་ཁུངས་བུད་མེད་རྣམས་ཀྱི་མཉམ་གཞས“ང་དང་ང་ཡི་མེས་རྒྱལ”ཞེས་པ་ལས་འགོ་ཚུགས་ཤིང་།
ནོར་བུས་ལས་ཁུངས་བུད་མེད་རྣམས་ཀྱིས་རང་ལྗོངས་ཀྱི་བོད་སྐད་ཡིག་རྩོམ་སྒྱུར་ལས་དོན་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པར་གདེང་འཇོག་ཚད་མེད་གནང་བ་དང་སྦྲགས།
མ་འོངས་ལོ་ཟླའི་ནང་ཡང་འབད་བསྐྱར་འབད་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བོད་སྐད་ཡིག་རྩོམ་སྒྱུར་ལས་དོན་ལ་ལེགས་སྐྱེས་ཕུལ་ནས་དུས་རབས་གསར་པའི་བུད་མེད་ཀྱི་མིག་དཔེ་འདོན་དགོས་པའི་སྐོར་ལ་བླང་བྱ་ཁག་བརྒྱད་ཙམ་བཏོན་ཡོད་པ་སྟེ།
བསམ་བློའི་ལངས་ཕྱོགས་བརྟན་པོ་དགོས་པ་དང་གཅིག མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་གཉིས།
སྒྲིག་ཁྲིམས་ནན་པོ་སྲུང་དགོས་པ་དང་གསུམ།
ལས་དོན་ཧུར་ཐག་གིས་བསྒྲུབ་དགོས་པ་དང་བཞི། ཁྱིམ་ཚང་ལེགས་པར་སྐྱོང་དགོས་པ་དང་ལྔ། སྣེ་ཁྲིད་ཀྱི་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་དྲུག
ལེགས་སྐྱེས་འབུལ་བའི་སེམས་ཤུགས་ལྡན་དགོས་པ་དང་བདུན།
ཁྱིམ་ཚང་ཤེས་དཔལ་དང་ལྡན་དགོས་པ་བརྒྱད་བཅས་ཀྱི་བླང་བྱ་བཏོན་ཡོད།

མཇུག་ཏུ། བུད་མེད་རྣམས་ཀྱིས་ཐེངས་འདིའི་བྱེད་སྒོའི་ཐོག་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ལས་བཟོ་སྤེན་པ་བཀྲ་ཤིས་ལ་གཅེས་སེམས་ཀྱི་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བར་ཁྱོན་དངུལ་གྲངས་སྒོར་༧༠༠༠བྱུང་ཡོད་པ་རེད།



